དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཟླ་དྲུག་པའི་ཟླ་མཇུག་བར་རྒྱལ་ཡོངས་ཀྱི་འཕྲུལ་སྒུལ་འཁོར་རིགས་ཀྱི་བདག་ཡོད་གྲངས་འབོར་དུང་ཕྱུར་4.76ཟིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-07-17

    ད་ལོའི་ཟླ་དྲུག་པའི་ཟླ་མཇུག་བར། རྒྱལ་ཡོངས་ཀྱི་འཕྲུལ་སྒུལ་འཁོར་རིགས་ཀྱི་བདག་ཡོད་གྲངས་འབོར་དུང་ཕྱུར་4.76ཟིན་པའི་ནང་རླངས་འཁོར་དུང་ཕྱུར་3.71ཡོད་པ་རེད། ལོ་སྟོད་དུ་རྒྱལ་ཡོངས་སུ་གསར་དུ་ཐོ་འགོད་བྱས་པའི་འཕྲུལ་སྒུལ་འཁོར་རིགས་ཁྲི་1581ཁྲོད་རླངས་འཁོར་ཁྲི་1051དང་སྦག་སྦག་ཁྲི་511ཡོད་པ་རེད།

    ནུས་གསར་རླངས་འཁོར་བདག་ཡོད་གྲངས་འབོར་ཀྱི་བསྡུར་ཚད་མཐོ་རུ་ཕྱིན་པའི་ཁྲོད་གསར་དུ་ཐོ་འགོད་བྱས་པའི་ནུས་གསར་རླངས་འཁོར་བསྡུར་ཚད་གྱིས་ཕྱེད་ཀ་ཙམ་བཟུང་ཡོད། ཟླ་དྲུག་པའི་ཟླ་མཇུག་བར། རྒྱལ་ཡོངས་ཀྱི་ནུས་གསར་རླངས་འཁོར་བདག་ཡོད་གྲངས་འབོར་ཁྲི་4897ཟིན་པ་དེས་རླངས་འཁོར་བསྡོམས་འབོར་གྱི་13.19%བཟུང་ནས་ན་ནིང་གི་དུས་མཚུངས་དང་བསྡུར་ན་བརྒྱ་ཆའི་གྲངས་2.92འཕར་ཡོད། དེའི་ནང་གློག་སྒུལ་རྐྱང་པའི་རླངས་འཁོར་ཁྲི་3367.5ཡོད་པ་དེས་ནུས་གསར་རླངས་འཁོར་བསྡོམས་འབོར་གྱི་68.77%བཟུང་ཡོད། ལོ་སྟོད་དུ་གསར་དུ་ཐོ་འགོད་བྱས་པའི་ནུས་གསར་རླངས་འཁོར་ཁྲི་519.5ཟིན་པ་དེས་རླངས་འཁོར་གསར་དུ་ཐོ་འགོད་བྱས་ཚད་ཀྱི་49.42%ཟིན་ནས་ན་ནིང་གི་དུས་མཚུངས་ལས་བརྒྱ་ཆའི་གྲངས་4.45འཕར་ཡོད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་ཆོས་གྲགས།

འབྲེལ་ཡོད་གསར་འགྱུར།