དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ནན་ཅིང་ཟོག་འགྲུལ་ལྟེ་གནས་ནས་ཀྲུང་ཡོའི་དུས་གཏན་མེ་འཁོར་གཏོང་འགོ་ཚུགས་པ་དེ་རྒྱལ་ཁབ་15ཡི་གྲོང་ཁྱེར་50ལྷག་ཙམ་ལ་ཁྱབ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-07-17

    ཉེ་ཆར། ཐོན་ཉེར་ཡོད་པའི་ཀྲུང་ཡོའི་དུས་གཏན་མེ་འཁོར་ཞིག་ཧྲང་ཧའེ་ལྕགས་ལམ་ཚོགས་པ་ནན་ཅིང་ཟོག་འགྲུལ་ལྟེ་གནས་ཡའོ་ཧྭ་མོན་ཟོག་འགྲུལ་ཁང་དུ་དངོས་ཟོག་བླུགས་བཞིན་ཡོད། བསྡོམས་རྩིས་བྱས་པར་གཞིགས་ན། ད་ལོའི་ཟླ་དང་པོ་ནས་དྲུག་པའི་བར། ཧྲང་ཧའེ་ལྕགས་ལམ་ཚོགས་པ་ནན་ཅིང་ཟོག་འགྲུལ་ལྟེ་གནས་ཀྱི་ཀྲུང་ཡོའི་དུས་གཏན་མེ་འཁོར་གཏོང་ཐེངས་109ཟིན་པ་དང་། དངོས་ཟོག་གི་རིན་ཐང་བསྡོམས་འབོར་ཨ་སྒོར་དུང་ཕྱུར་3.94ཟིན་པ་དེ་ན་ནིང་གི་དུས་མཚུངས་ལས་22.4%འཕར་ཡོད། མིག་སྔར་ལྟེ་གནས་དེས་ཀྲུང་ཡོའི་དུས་གཏན་མེ་འཁོར་གཏོང་འགོ་ཚུགས་པ་དེ་རྒྱལ་ཁབ་15ཡི་གྲོང་ཁྱེར་50ལྷག་ཙམ་ལ་ཁྱབ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་ཆོས་གྲགས།

འབྲེལ་ཡོད་གསར་འགྱུར།