དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཅ་ཁར་ཐ་ནས་དབན་ལུང་བར་གྱི་མྱུར་བགྲོད་ལྕགས་ལམ་བདེ་འཇགས་གཉེར་སྐྱོང་བྱས་ནས་ཉིན་1000ཟིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-07-17

    2026ལོའི་ཟླ་7ཚེས་12ཉིན་བར། ཅ་ཁར་ཐ་ནས་དབན་ལུང་བར་གྱི་མྱུར་བགྲོད་ལྕགས་ལམ་བདེ་འཇགས་དང་གོ་རིམ་ལྡན་པའི་ངང་གཉེར་སྐྱོང་བྱས་ནས་ཉིན་1000ཟིན་པ་དང་། རིམ་རྩིས་བརྒྱབ་ན་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་1658ལྷག་ཙམ་ཟིན་པ། ཉིན་རེར་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མང་ཤོས་མི་ཐེངས་ཁྲི་2.67ཟིན་པ། ཤུགས་འགྲེམས་མེ་འཁོར་བདེ་འཇགས་ངང་འཁོར་སྐྱོད་བྱེད་ཚད་སྤྱི་ལེ་ཁྲི་802ལྷག་ཙམ་ཟིན་པ། རིམ་རྩིས་བརྒྱབ་ན་འགྲུལ་སྐྱེལ་མེ་འཁོར་གཏོང་ཐེངས་52730ཟིན་པས་སྐྱེལ་འདྲེན་བདེ་འཇགས་དང་། བརྟན་པོ། གོ་རིམ་ལྡན་པ་དང་། འགྲུལ་རྒྱུན་གྱི་གཞི་ཁྱོན་རྒྱུན་མཐུད་འཕར་བ། ཕྱོགས་བསྡུས་གཉེར་སྐྱོང་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ་བཅས་བྱུང་ཡོད།

    2023ལོའི་ཟླ་10ཚེས་17ཉིན། ཅ་ཁར་ཐ་ནས་དབན་ལུང་བར་གྱི་མྱུར་བགྲོད་ལྕགས་ལམ་དངོས་སུ་ཤར་གཏོང་ཐུབ་ཚུན། ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡའི་གཉེར་སྐྱོང་ཚོགས་པས་ཀྲུང་གོའི་མྱུར་བགྲོད་ལྕགས་ལམ་གྱི་སྔོན་ཐོན་གཉེར་སྐྱོང་དང་དོ་དམ་གྱི་ཉམས་མྱོང་ཕྱོགས་ཡོངས་ནས་དཔྱད་གཞིར་འཛིན་པ་དང་། གཉེར་སྐྱོང་དོ་དམ་དང་། འགྲུལ་སྐྱེལ་སྒྲིག་འཛུགས། སྒྲིག་ཆས་བདག་སྐྱོང་། བདེ་འཇགས་དོ་དམ་ཚོད་འཛིན་སོགས་ཀྱི་ལས་དོན་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་བ་དང་ཧིན་རྡུ་ཉི་ཞི་ཡའི་དོན་དངོས་དང་འཚམ་པའི་མྱུར་བགྲོད་ལྕགས་ལམ་གྱི་ལག་རྩལ་ཚད་གཞི་དང་གཉེར་སྐྱོང་དོ་དམ་མ་ལག་རིམ་བཞིན་བཙུགས་ཏེ་ཡུན་རིང་བདེ་འཇགས་དང་བརྟན་པོའི་གཉེར་སྐྱོང་ལ་རྨང་གཞི་བརྟན་པོ་བཏིང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་ཆོས་གྲགས།

འབྲེལ་ཡོད་གསར་འགྱུར།