དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་གིས་ཧྲང་ཧའེ་རུ་རྟོག་ཞིབ་གནང་སྐབས་ནན་བཤད་གནང་དོན།

    མི་དམངས་ཀྱི་གྲོང་ཁྱེར་འདུ་ཤེས་ཕྱོགས་ཡོངས་ནས་ལག་ལེན་བསྟར་ཏེ་གྲོང་ཁྱེར་གསར་སྒྱུར་ལ་སྤུས་ཚད་མཐོ་པོས་སྐུལ་འདེད་གཏོང་དགོས།

    ཚའེ་ཆི་རྟོག་ཞིབ་གནང་བར་ལྷན་དུ་ཕེབས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-07-17

    ཟླ་7ཚེས་15ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཧྲང་ཧའེ་རུ་རྟོག་ཞིབ་གནང་ཞིང་། འདི་ནི་ཞི་ཅིན་ཕིང་གིས་ཧོང་ཕུའུ་ཆུས་སུ་གནས་པའི་པན་སུང་ཡོན་ལམ་ཁྲོམ་གཞུང་ཧྲི་མིན་གྲོང་གསར་གྱི་གྲོང་མི་སྡོད་ཁུལ་དུ་རྟོག་ཞིབ་གནང་རིང་གྲོང་མིའི་ཁྱིམ་དུ་ཕེབས་ནས་སྡོད་ཁང་གི་ཆ་རྐྱེན་ལེགས་བཅོས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་བ།

    ཟླ་7ཚེས་15ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཧྲང་ཧའེ་རུ་རྟོག་ཞིབ་གནང་ཞིང་། འདི་ནི་ཞི་ཅིན་ཕིང་གིས་ཧོང་ཕུའུ་ཆུས་སུ་གནས་པའི་པན་སུང་ཡོན་ལམ་ཁྲོམ་གཞུང་ཧྲི་མིན་གྲོང་གསར་གྱི་གྲོང་མི་སྡོད་ཁུལ་དུ་རྟོག་ཞིབ་གནང་རིང་སྡེ་ཁུལ་གྱི་ཏང་དམངས་ཞབས་ཞུའི་ས་ཚིགས་སུ་གྲོང་མིའི་འཐུས་མི་དང་། ཁྲོམ་གཞུང་གི་ལས་བྱེད་པ། སྡེ་ཁུལ་གྱི་ལས་དོན་པ་སོགས་དང་བྱམས་བརྩེའི་སྤེལ་རེས་གནང་བ།

    ཚེས་15ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཧྲང་ཧའེ་རུ་རྟོག་ཞིབ་གནང་སྐབས་ནན་བཤད་གནང་དོན། གྲོང་ཁྱེར་གསར་སྒྱུར་ལ་སྤུས་ཚད་མཐོ་པོས་སྐུལ་འདེད་གཏོང་བ་ནི་གྲོང་ཁྱེར་དེང་རབས་ཅན་འཛུགས་སྐྲུན་གྱི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཡིན་པས། མི་དམངས་ཀྱི་གྲོང་ཁྱེར་འདུ་ཤེས་ཕྱོགས་ཡོངས་ནས་ལག་ལེན་བསྟར་ཏེ། མཁོ་དགོས་དམངས་ལ་འདྲི་བ་དང་། ཐབས་ཇུས་དམངས་ལ་འདྲི་བ། ཕན་འབྲས་དམངས་ལ་འདྲི་བ་བཅས་མཐའ་འཁྱོངས་ཀྱིས་གྲོང་ཁྱེར་གསར་སྒྱུར་གྱི་ལས་དོན་ཁག་གཏིང་ཟབ་དང་། ཞིབ་ཚགས། ཏན་ཏིག་བཅས་ཀྱི་སྒོ་ནས་བསྒྲུབས་ཏེ། གྲོང་མི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།

    ཚེས་15ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཧྲང་ཧའེ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཅི་ཉིང་དང་གྲོང་སྤྱི་ཀུང་ཀྲེང་གི་ཕེབས་རོགས་འོག ཧོང་ཕུའུ་ཆུས་སུ་གནས་པའི་པན་སུང་ཡོན་ལམ་ཁྲོམ་གཞུང་ཧྲི་མིན་གྲོང་གསར་གྱི་གྲོང་མི་སྡོད་ཁུལ་དུ་རྟོག་ཞིབ་གནང་བར་ཕེབས་པ་རེད།

    ཧྲི་མིན་གྲོང་གསར་གྱི་གྲོང་མི་སྡོད་ཁུལ་གྱི་སྡོད་ཁང་སྟར་པ་4པོ་ནི་དུས་རབས་གོང་མའི་ལོ་རབས་50པར་བསྐྲུན་པ་ཞིག་ཡིན་ཞིང་། བསྐྱར་བཟོ་གསར་སྒྱུར་བྱས་པ་བརྒྱུད། ཐབ་ཚང་དང་གསང་སྤྱོད་ལོགས་སུ་བཟོས་པ་དང་གློག་སྐས་བསྒར་བས་སྡོད་ཁང་གི་ཆ་རྐྱེན་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད། ཞི་ཅིན་ཕིང་སྡེ་ཁུལ་གྱི་ཕྱོགས་བསྡུས་ཞབས་ཞུའི་ས་ཚིགས་སུ་ཕེབས་ནས། ཧྲང་ཧའེ་གྲོང་ཁྱེར་གྱིས་གསང་སྤྱོད་མེད་པའི་ཁང་པ་རྙིང་པ་རིམ་སྤོར་སྒྱུར་བཀོད་དང་། “ཆབ་ཏོག་བསྟེན་པའི”གྲོང་ཁུལ་རྙིང་པའི་གྲོང་མིའི་དཀའ་གནད་ལོ་རྒྱུས་རང་བཞིན་གྱི་སྒོ་ནས་ཐག་གཅོད། ཁུལ་ཆུང་སྒྱུར་བཀོད་བཅས་ལ་སྐུལ་འདེད་ཇི་ལྟར་བཏང་མིན་གྱི་ངོ་སྤྲོད་གསན་པ་དང་འབྲེལ། ས་གནས་ས་ཐོག་ཏུ་ཡོད་པའི་ལས་དོན་པར་འབྲེལ་ཡོད་གནས་ཚུལ་བཀའ་འདྲི་ཞིབ་ཕྲའང་གནང་བ་རེད། ཞི་ཅིན་ཕིང་གིས། ཏང་ཀྲུང་དབྱང་གིས་གྲོང་ཁྱེར་གྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས། གསར་གཏོད་དང་། གནས་འཕྲོད། མཛེས་སྡུག མཉེན་ལྡན། ཤེས་དཔལ། རིག་ལྡན་བཅས་ཀྱི་དེང་རབས་ཅན་གྱི་མི་དམངས་ཀྱི་གྲོང་ཁྱེར་སྐྲུན་དགོས་པ་དང་དེའི་ནང་ནས་ཀྱང་གྲོང་ཁྱེར་གྱི་ཁུལ་ཆུང་རྙིང་པར་སྒྱུར་བཀོད་བྱ་རྒྱུ་ནི་ནང་དོན་གལ་ཆེན་ཞིག་ཡིན་ལུགས་ཁ་གསལ་བཏོན་ཡོད། ལས་ཀ་བྱེད་རིང་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་བརྟན་པོ་འཛུགས་པ་དང་ལག་ལེན་བསྟར་ཏེ། མང་ཚོགས་ཀྱིས་བསམ་བློ་གཏོང་སར་བསམ་བློ་གཏོང་བ་དང་མང་ཚོགས་ཀྱིས་སེམས་ཁྲལ་བྱེད་སར་སེམས་ཁྲལ་བྱེད་པ། སྤྱོད་གོ་ཆོད་པའི་སྲིད་ཇུས་ཀྱི་བྱ་ཐབས་བཟོས་ནས་ལག་ལེན་བསྟར་བ། སྙིང་རུས་གཏན་འཁྱོངས་ཧུར་ཐག་བཅས་བྱས་ནས། མི་སེར་གྱིས་དོ་ཁུར་བྱེད་པའི་དོན་དག་རེ་རེ་བཞིན་ཡག་པོ་བསྒྲུབས་ཏེ་དམངས་འཚོའི་བདེ་རྩ་རྒྱུན་མཐུད་ཆེ་རུ་གཏོང་དགོས། “ཕར་ཆིན་རྒྱག་པའི་སྙིང་རུས”ལ་བརྟེན་ནས་ཁུལ་ཆུང་གི་སྡེ་ལས་དོ་དམ་དང་དམངས་ཕན་ཞབས་ཞུའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་སྟེ་གྲོང་མི་མང་ཚོགས་བློ་ཡིད་ཚིམ་པོ་ཡོང་བར་འབད་བརྩོན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    རྒན་ཡོལ་ཞུས་པའི་གྲོང་མི་ཀྲུའུ་གོ་ལི་ཡི་ཁྱིམ་དུ་ཞི་ཅིན་ཕིང་གིས་སྡོད་ཁང་གི་གནས་ཚུལ་ལ་ནན་ཏན་ངང་གཟིགས་པ་དང་། ཀྲུའུ་གོ་ལི་ཡིས་སྤྱི་ཁྱབ་ཧྲུའུ་ཅིར་ད་ཆ་ངའི་ཁྱིམ་ལ་ཐབ་ཚང་དང་གསང་སྤྱོད་ཡོད་པས་འཚོ་བ་ཧ་ཅང་སྟབས་བདེ་པོ་འདུག་ཅེས་ཞུས། དེ་དག་གསན་རྗེས་ཞི་ཅིན་ཕིང་ཐུགས་མཉེས་པོ་བྱུང་ཞིང་། ཁོང་གིས“འདབ་ལོ་རེ་རེས་སེམས་ཀྱི་གདུང་བ་འདྲེན”ཞེས་པ་ལྟར་མི་སེར་གྱི་འཚོ་བ་ནི་ཁྱིམ་ཚང་གི་དོན་དག་རེད་ལ། རྒྱལ་ཁབ་ཀྱི་དོན་དག་དེ་བས་ཀྱང་རེད། གུང་ཁྲན་ཏང་ནི་མི་སེར་ལ་ཞབས་འདེགས་ཞུ་མཁན་ཞིག་ཡིན་པས་མི་དམངས་མང་ཚོགས་བདེ་སྡོད་ལས་བརྩོན་དང་འཚོ་བ་སྐྱིད་པོ་བྱུང་ན་ཏང་དང་སྲིད་གཞུང་གཞི་ནས་བློ་བདེ་པོ་ཡོང་གི་རེད། ཁྱེད་ཚོས་རྒན་ཡོལ་ཞུས་རྗེས་ཀྱི་འཚོ་བ་བཀོད་སྒྲིག་ཡག་པོ་བྱས་ནས་ཁྱིམ་ཚང་དེ་བས་ལེགས་པ་བསྐྲུན་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

    དེ་རྗེས། ཞི་ཅིན་ཕིང་སྡེ་ཁུལ་གྱི་ཏང་དམངས་ཞབས་ཞུའི་ས་ཚིགས་སུ་ཕེབས་ནས་དམངས་ཕན་ཚལ་ཁྲོམ་གྱི་ཤིང་ཏོག་དང་སྔོ་ཚལ་མཁོ་སྤྲོད་གནས་ཚུལ་ལ་གཟིགས་པ་མ་ཟད། “གྲོང་མིའི་ཚོམས་ཆེན”དུ་གྲོང་མིའི་འཐུས་མི་དང་། ཁྲོམ་གཞུང་གི་ལས་བྱེད་པ། སྡེ་ཁུལ་གྱི་ལས་དོན་པ་སོགས་དང་བྱམས་བརྩེའི་སྤེལ་རེས་གནང་བ་རེད། ཞི་ཅིན་ཕིང་གིས། སྡེ་ཁུལ་ནི་གྲོང་ཁྱེར་བཅོས་སྐྱོང་མ་ལག་གི་གཞི་རྩའི་ཚན་པ་རེད། སྡེ་ཁུལ་བཅོས་སྐྱོང་གི་ཆུ་ཚད་མཐོ་རུ་གཏོང་བར་ཐོན་ཁུངས་དང་། ཞབས་ཞུ། དོ་དམ་སོགས་གཞི་རིམ་གྱི་འཐབ་ས་དང་པོར་ཕྱོགས་རྒྱུར་སྐུལ་འདེད་བཏང་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བར་མཐུན་རྐྱེན་སྦྱོར་དགོས། ཏང་འཛུགས་སྐྱོང་གི་ཁྲིད་སྟོན་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་སྡེ་ཁུལ་ཏང་རྩ་འཛུགས་ཀྱི་འགོ་ཁྲིད་འོག་གི་གྲོང་མི་ཨུ་ལྷན་དང་། དོ་བདག་ཨུ་ལྷན། སྡེ་ལས་ཞབས་ཞུའི་ཁེ་ལས་བཅས་ཀྱི་མཐུན་སྦྱོར་གཉེར་སྐྱོང་བྱེད་སྟངས་གསར་པ་འཚོལ་ཞིབ་ཧུར་ཐག་བྱེད་པ་དང་། འཐུས་སྒོ་ཚང་བའི་སྡེ་ཁུལ་དང་དམངས་ཕན་གྱི་འཚོ་བའི་འཁོར་རྒྱ་བསྐྲུན་ཏེ། སེམས་ནུས་ཡོད་རྒུ་དང་བརྩེ་སེམས་ཟབ་མོས་གྲོང་མིར་བྱ་བ་ཡག་པོ་དང་བྱ་བ་དངོས་སྒྲུབ་པ་དང་དཀའ་གནད་སེལ་དགོས་ཞེས་གསུངས་པ་རེད།

    རྟོག་ཞིབ་གནང་རིང་ཞི་ཅིན་ཕིང་གིས། མིག་སྔ་ནི་འབྲུབ་འགོག་གི་འགག་རྩའི་དུས་མཚམས་ཡིན་པས། ས་ཁུལ་ཁག་དང་འབྲེལ་ཡོད་ཕྱོགས་ཁག་གིས་མཐའ་ཚད་ཀྱི་བསམ་གཞིག་དང་མཐར་སོན་གྱི་བསམ་གཞིག་བརྟན་པོ་བཙུགས་ཏེ། ཆར་པ་དང་། ཆུ་ལོག མཚོ་ལྷགས་བཅས་ཀྱི་གནས་ཚུལ་ལ་དོ་ཁུར་ཟབ་མོ་བྱེད་པ་དང་། ཉེན་ཁའི་མངོན་མེད་རྐྱེན་ངན་གྲལ་བཤེར་གཏིང་ཟབ་དང་ཏན་ཏིག་བྱེད་པ། འབྲུབ་འགོག་ཞོད་འགོག་དང་ཉེན་སེལ་གུད་སྐྱོབ་སོགས་ཀྱི་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་སྲུང་སྐྱོང་ཏན་ཏིག་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་ཀྲུང་དབྱང་གཞུང་དོན་ཐིང་གི་ཀྲུའུ་རེན་ཚའེ་ཆི་རྟོག་ཞིབ་གནང་སྐབས་ལྷན་དུ་ཕེབས་ཡོད་པ་རེད།

    ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་རྟོག་ཞིབ་གནང་སྐབས་ལྷན་དུ་ཕེབས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་ཆོས་གྲགས།

འབྲེལ་ཡོད་གསར་འགྱུར།