ལོ་སྟོད་དུ་རང་རྒྱལ་གྱི་དངོས་ཟོག་ཕྱིར་གཏོང་ནང་འདྲེན་བྱས་པའི་ཉོ་ཚོང་དངུལ་འབོར་སྒོར་དུང་ཕྱུར་ཁྲི་25.47ཟིན་པ།
འགག་སྒོ་ལས་ཁུངས་ཀྱི་བསྡོམས་རྩིས་ལ་གཞིགས་ན། ད་ལོའི་ལོ་སྟོད་དུ། རང་རྒྱལ་གྱི་དངོས་ཟོག་ཕྱིར་གཏོང་ནང་འདྲེན་བྱས་པའི་ཉོ་ཚོང་དངུལ་འབོར་སྒོར་དུང་ཕྱུར་ཁྲི་25.47ཟིན་ནས་ལོ་རྒྱུས་ཀྱི་དུས་མཚུངས་ལས་སྒོར་དུང་ཕྱུར་ཁྲི་25ཡིས་མང་དུ་ཕྱིན་ཏེ་དུས་མཚུངས་ལས་16.9%འཕར་ཡོད། དེའི་ནང་ཕྱིར་གཏོང་སྒོར་དུང་ཕྱུར་ཁྲི་14.73ཟིན་ནས་13.4%འཕར་བ་དང་། ནང་འདྲེན་སྒོར་དུང་ཕྱུར་ཁྲི་10.74ཟིན་ནས་22.1%འཕར་ཡོད།
ཕྱིར་གཏོང་ནང་འདྲེན་གྱི་འཕར་ཚད་མགྱོགས་སུ་ཕྱིན་ཞིང་། དུས་ཚིགས་གཉིས་པར་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་ཁྲི་13.61ཟིན་པ་དེ་དུས་མཚུངས་ལས་18.4%འཕར་ནས་2021ལོའི་དུས་ཚིགས་གསུམ་པ་ཚུན་གྱི་དུས་ཚིགས་ཀྱི་དུས་མཚུངས་ཀྱི་འཕར་ཚད་མཐོ་ཤོས་ཡིན་པ་རེད། དེའི་ནང་། ཟླ་6པར་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་ཁྲི་4.78ཟིན་པ་དེ་དུས་མཚུངས་ལས་24.2%འཕར་ནས་ཟླ་བ་17བསྟུད་མར་འཕར་བ་རྒྱུན་འཁྱོངས་ཐུབ་ཡོད།
ཕྱིར་གཏོང་ཐོན་རྫས་ཀྱི་གྲུབ་ཆ་སྔར་བས་ལེགས་སུ་ཕྱིན་ཞིང་། ལོ་སྟོད་དུ་རང་རྒྱལ་གྱི་འཕྲུལ་གློག་ཐོན་རྫས་ཕྱིར་གཏོང་བྱེད་ཚད་སྒོར་དུང་ཕྱུར་ཁྲི་9.36ཟིན་ནས་20.1%འཕར་བ་དེས་ཕྱིར་གཏོང་རིན་ཐང་བསྡོམས་འབོར་གྱི་63.5%བཟུང་ནས། ན་ནིང་གི་དུས་མཚུངས་ལས་བརྒྱ་ཆའི་གྲངས་3.5འཕར་བ་དང་། ལག་རྩལ་མཐོ་བའི་ཐོན་རྫས་ཕྱིར་གཏོང་བྱེད་ཚད་སྒོར་དུང་ཕྱུར་ཁྲི་3.26ཟིན་ནས་39%འཕར་བ། རང་བདག་སྤུས་རྟགས་ཕྱིར་གཏོང་བྱེད་ཚད་25.4%འཕར་ནས་བསྡུར་ཚད་བརྒྱ་ཆའི་གྲངས་2.4འཕར་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།