ཤིན་ཅང་ཆི་ཐའེ་རུ་བརྔ་བསྡུ་འཕྲུལ་འཁོར་བཏང་ནས་གྲོ་བརྔ་རྩལ་འགྲན་པ།

ཟླ་7ཚེས་14ཉིན། ཤིན་ཅང་ཁྲང་ཅི་ཧུད་རིགས་རང་སྐྱོང་ཀྲོའུ་ཞིང་ལས་གྲོང་གསེབ་ཅུས་ཀྱིས་ཆི་ཐའེ་རྫོང་པེན་ཅེ་ཀའུ་གྲོང་རྡལ་ཡའོ་ཀྲན་ཙེ་གྲོང་ཚོར་2026ལོའི་ཁྲང་ཅི་ཀྲོའུ་ཡི་བརྔ་བསྡུ་འཕྲུལ་འཁོར་བཏང་ནས་གྲོ་བརྔ་རྩལ་གྱི་འགྲན་བསྡུར་བྱས་པ་རེད། ངོ་སྤྲོད་བྱས་པར་གཞིགས་ན། གྲོ་བརྔ་བསྡུ་བྱེད་རིང་གྲོ་རྡོག་ཟགས་ཉུང་བ་དང་སོག་ཤུལ་ཐུང་བ་ནི་ད་ཐེངས་འགྲན་བསྡུར་གྱི་ཚད་གཞི་གལ་ཆེན་ཞིག་རེད། བདམས་ཐོན་པས་ས་དབྱིབས་དང་གྲོའི་སྐྱེ་འཚར་ལ་གཞིགས་ནས་འཕྲུལ་འཁོར་སྤྱོད་མཁས་པོ་བྱས་ཏེ། འཕྲུལ་བསྡུའི་སྤུས་ཚད་འགན་ལེན་གྱིས་འབྲུ་རིགས་བསྡུ་གང་ཐུབ་བྱེད་དགོས་ཀྱི་ཡོད། འདི་ནི་ཞིང་འཕྲུལ་ཁ་ལོ་བས་བརྔ་བསྡུ་འཕྲུལ་འཁོར་བཏང་ནས་གྲོ་བརྔ་རྩལ་འགྲན་བཞིན་པ།
འབྲེལ་ཡོད་གསར་འགྱུར།