དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞིང་ལས་དང་གྲོང་གསེབ་པུའུ་སོགས་སྡེ་ཚན་བདུན་གྱིས་མཉམ་དུ་བཀོད་སྒྲིག་བྱས་པ།

    ཞིང་སྨན་དང་ཕྱུགས་སྨན་གྱི་ཐོན་སྐྱེད་གཉེར་སྐྱོང་དང་བེད་སྤྱོད་བཅས་ལ་ཕྱོགས་བསྡུས་བཅོས་སྒྲིག་བྱེད་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-07-16

    ཉེ་ཆར། ཞིང་ལས་དང་གྲོང་གསེབ་པུའུ་དང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་། བཟོ་ལས་དང་ཆ་འཕྲིན་ཅན་པུའུ། སྤྱི་བདེ་པུའུ། ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས། མཁོ་ཚོང་མཉམ་ལས་སྤྱི་ཁྱབ་ཁང་བཅས་སྡེ་ཚན་7གྱིས་པེ་ཅིང་དུ་མཉམ་དུ་ཚོགས་འདུ་འཚོགས་ནས། ཞིང་སྨན་དང་ཕྱུགས་སྨན་གྱི་ཐོན་སྐྱེད་གཉེར་སྐྱོང་དང་བེད་སྤྱོད་བཅས་སྔར་བས་ཚད་ལྡན་དུ་གཏོང་བར་ཕྱོགས་བསྡུས་བཅོས་སྒྲིག་གི་བྱ་སྤྱོད་སྤེལ་འགོ་ཚུགས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཕྱོགས་བསྡུས་བཅོས་སྒྲིག་བྱ་སྤྱོད་དེ་2026ལོའི་ཟླ་7པ་ནས་2027ལོའི་ཟླ་3པའི་ཟླ་མཇུག་བར་སྤེལ་རྒྱུ་ཡིན་ཞིང་། སྤྱོད་མི་ཆོག་པའི་ཞིང་སྨན་དང་ཕྱུགས་སྨན་ལ་དམ་པོར་དམིགས་ནས་རྒྱལ་ཡོངས“བསམ་ཇུས་གཅིག”མཐའ་འཁྱོངས་བྱེད་པ་དང་། སྡེ་ཚན་གྱིས་མཐུན་སྦྱོར་མཉམ་འགུལ་ངང་ཁྲིམས་བསྟར་གྱོད་སྒྲུབ་བྱེད་པ། འབྱུང་རྩ་ནས་མེད་པར་བཟོ་བ་དང་། ནག་ཚང་གཏོར་བ། གྱོད་གཞི་ཆེ་མོའི་ཞིབ་བཤེར་བཅས་ལ་ཤུགས་སྣོན་རྒྱག་པ། མངོན་གསལ་དོད་པའི་གནད་དོན་ལ་བཅོས་སྐྱོང་ནན་པོ་བཅས་བྱས་ཏེ། ཁྲིམས་འགལ་གྱི་ཁུངས་སྣེ་མཐའ་གཅིག་ཏུ་མེད་པར་བཟོ་རྒྱུ་རེད། ཕྱོགས་བསྡུས་བཅོས་སྒྲིག་བྱ་སྤྱོད་ཀྱིས་སྤྱོད་མི་ཆོག་པའི་ཞིང་སྨན་དང་ཕྱུགས་སྨན་ཐོན་སྐྱེད་དང་། གཉེར་སྐྱོང་། དྲ་ཚོང་། བེད་སྤྱོད་སོགས་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྲིམས་ལྟར་ཕྱོགས་ཡོངས་ནས་བཅོས་སྐྱོང་བྱས་ནས། སྤྱོད་མི་ཆོག་པའི་ཞིང་སྨན་དང་ཕྱུགས་སྨན་ཁྲིམས་འགལ་ངང་ཐོན་སྐྱེད་གཉེར་སྐྱོང་དང་བེད་སྤྱོད་བྱེད་པའི་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་གཏོང་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།