དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • 《ཡུལ་སྐོར་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་གྱི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད》བཀྲམ་པ།

    ​ 2030ལོར་སླེབས་སྐབས་དེང་རབས་ཡུལ་སྐོར་ལས་རིགས་མ་ལག་སྔར་བས་འཐུས་སྒོ་ཚང་དུ་གཏོང་རྒྱུ་ཡིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-07-16

    གསར་འགོད་པས་ཤེས་རྟོགས་བྱུང་བར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཆན་འགོད་བཀའ་ལན་དང་མོས་མཐུན་ཐོབ་པ་བརྒྱུད། ཉེ་ཆར་རིག་གནས་དང་ཡུལ་སྐོར་པུས《ཡུལ་སྐོར་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་གྱི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད》བཀྲམ་པ་རེད།

    འཆར་འགོད་ནང་བླང་བྱ་བཏོན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཁྲིད་སྟོན་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་རིམ་བྱུང་གི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཞི་ཅིན་ཕིང་གི་རིག་གནས་དགོངས་པ་སློབ་སྦྱོང་དང་ལག་ལེན་གཏིང་ཟབ་བསྟར་བ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་ལེན་བསྟར་བ། ཡུལ་སྐོར་གྱིས་དམངས་ལ་ཕན་པ་འདོགས་རྒྱུ་མཐའ་འཁྱོངས་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་བརྗོད་དོན་གཙོ་བོར་བྱེད་པ། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་ལ་སྐུལ་འདེད་གཏོང་རྒྱུ་གཙོ་རྐང་དུ་བྱེད་པ། སྲིད་གཞུང་དང་ཁྲོམ་ར་དང་། མཁོ་སྤྲོད་དང་དགོས་མཁོ། སྲུང་སྐྱོང་དང་གསར་སྤེལ། རྒྱལ་ནང་དང་རྒྱལ་སྤྱི། འཕེལ་རྒྱས་དང་བདེ་འཇགས་བཅས་ལ་སྤྱི་འདོམས་བྱེད་པ། དེང་རབས་ཀྱི་ཡུལ་སྐོར་ལས་རིགས་མ་ལག་འཐུས་སྒོ་ཚང་དུ་གཏོང་བར་ཤུགས་རྒྱག་པ། ཡུལ་སྐོར་རྒྱལ་ཁབ་སྟོབས་ཆེན་མྱུར་པོ་སྐྲུན་པ་བཅས་བྱས་ཏེ་ཡུལ་སྐོར་ལས་རིགས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་ཞབས་འདེགས་དེ་བས་ལེགས་པ་ཞུ་བ་དང་། དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། བསམ་པའི་ཁྱིམ་གཞིས་སྐྲུན་པ། ཀྲུང་གོའི་གཟུགས་བརྙན་ངོམ་པ། ཤེས་དཔལ་དཔྱད་གཞིར་འཛིན་ཟབ་ཏུ་གཏོང་བ་བཅས་བྱེད་དགོས།

    འཆར་འགོད་ནང་ཁ་གསལ་བཏོན་དོན། 2030ལོར་སླེབས་སྐབས། ཡུལ་སྐོར་ལས་རིགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ་དང་། དེང་རབས་ཡུལ་སྐོར་ལས་རིགས་ཀྱི་མ་ལག་སྔར་བས་འཐུས་སྒོ་ཚང་དུ་འགྲོ་བ། ཡུལ་སྐོར་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་བཅས་བྱ་རྒྱུ་དང་། ཡུལ་སྐོར་ལས་རིགས་ཀྱི་ཀ་རྟེན་ཐོན་ལས་ཀྱི་གནས་བབ་སྔར་བས་བརྟན་དུ་ཕྱིན་པ་དང་། ནང་མཁོ་སྐུལ་ཁྲིད་དང་། ལས་ཞུགས་ལ་སྐུལ་འདེད། ཁྲོམ་ར་འཁྲུག་ཏུ་གཏོང་བ་བཅས་ཀྱི་ནུས་པ་སྔར་བས་བཏོན་ནས་ཡུལ་སྐོར་དང་དེ་འབྲེལ་ཐོན་ལས་ཀྱི་འཕར་ཐང་གིས་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ནང་བཟུང་བའི་བསྡུར་ཚད་བརྟན་པོའི་ངང་མཐོ་རུ་འགྲོ་བ་བྱ་རྒྱུ། ཡུལ་སྐོར་གྱི་སྤྱི་པའི་ཞབས་ཞུའི་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་ནས་ཡུལ་སྐོར་ཐད་མི་དམངས་མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་རྒྱུན་མཐུད་མཐོ་རུ་འགྲོ་ཐུབ་པ་བྱ་རྒྱུ་བཅས་རེད།

    འཆར་འགོད་ནང་བཏོན་དོན། ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བར། དེང་རབས་ཅན་གྱི་ཐོན་ལས་མ་ལག་བསྐྲུན་རྒྱུར་དམིགས་ཏེ་རིག་ནུས་ཅན་དང་། ལྗང་མདོག་ཅན། མཉམ་འདྲེས་ཅན་བཅས་ཀྱི་ཁ་ཕྱོགས་མཐའ་འཁྱོངས་བྱེད་པ་དང་། ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བ། འཕེལ་རྒྱས་ཀྱི་ལེགས་ཆ་གསར་པ་གཏོད་པ་བཅས་བྱས་ནས་ཡུལ་སྐོར་ལས་རིགས་སྤྱི་ཡོངས་ནས་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། འཆར་འགོད་ནང་ད་དུང་ཡུལ་སྐོར་བར་མཐོངས་ཀྱི་བཀོད་པ་སྤྱི་འདོམས་ངང་ལེགས་སུ་གཏོང་བ་དང་། སྤུས་ཚད་མཐོ་བའི་ཡུལ་སྐོར་མཁོ་སྤྲོད་ཕུན་སུམ་ཚོགས་སུ་གཏོང་བ། ཡུལ་སྐོར་འཛད་སྤྱོད་ཀྱི་གཏིང་ཤུགས་འདོན་པ། ཡུལ་སྐོར་གྱི་སྤྱི་པའི་ཞབས་ཞུ་འཐུས་སྒོ་ཚང་དུ་གཏོང་བ། ཕྱི་ཕྱོགས་དང་དེ་བཞིན་ཤང་ཀང་དང་། ཨའོ་མོན། ཐའེ་དབན་བཅས་དང་ཡུལ་སྐོར་གྱི་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། ཡུལ་སྐོར་ལས་རིགས་ཕན་ཆེ་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ། འགན་སྲུང་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་སོགས་ཀྱི་གཙོ་གནད་ལས་འགན་ཁག་ཁ་གསལ་བཏོན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།