རྒྱང་སྐྱོད་རྟགས་ཅན་ཨང་ལྔ་པའི་རྒྱང་ཚོར་བཅུ་བཞི་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ཝུན་ཁྲང་འཇིག་རྟེན་འཕུར་སྐྱོད་འཕེན་གཏོང་བྱ་ཡུལ་དུ་བདེ་བླག་ངང་འབྱོར་བ།
ཟླ་བའི་ལྷ་མོ་ཨང་བདུན་པའི་འཕེན་གཏོང་ལས་འགན་བསྒྲུབ་རྒྱུ་ཡིན་པ།
ཀྲུང་གོ་མི་ཞུགས་འཇིག་རྟེན་འཕུར་སྐྱོད་འདུ་འགོད་གཞུང་དོན་ཁང་ནས་གནས་ཚུལ་སྤེལ་བར་གཞིགས་ན། 2026ལོའི་ཟླ་7ཚེས་13ཉིན། ཟླ་བའི་ལྷ་མོ་ཨང་བདུན་པའི་ལས་འགན་སྒྲུབ་མཁན་རྒྱང་སྐྱོད་རྟགས་ཅན་ཨང་ལྔ་པའི་རྒྱང་ཚོར་བཅུ་བཞི་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ཝུན་ཁྲང་འཇིག་རྟེན་འཕུར་སྐྱོད་འཕེན་གཏོང་བྱ་ཡུལ་དུ་བདེ་བླག་འབྱོར་བ་རེད།
དེ་རྗེས་སུ། མེ་ཤུགས་འཕུར་མདའ་དེས་དེ་གོང་དབོར་བའི་ཟླ་བའི་ལྷ་མོ་ཨང་བདུན་པའི་འཚོལ་ཞིབ་ཡོ་བྱད་དང་མཉམ་དུ་འཕེན་གཏོང་ཁུལ་དུ་སྤྱིའི་སྒྲིག་སྦྱོར་དང་ཚད་ལེན་ཚོད་ལྟའི་ལས་དོན་སྤེལ་རྒྱུ་རེད། མིག་སྔར། འཕེན་གཏོང་ཁུལ་གྱི་ཚོད་ལྟར་སྤྱོད་པའི་མ་ལག་ཁག་ལ་འཆར་གཞི་ལྟར་ཟླ་བའི་ལྷ་མོ་ཨང་བདུན་པའི་གྲ་སྒྲིག་ལས་འགན་ཁག་སྤེལ་བཞིན་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།