གྲངས་གཞི་ལས་མངོན་པར།
ལོ་སྟོད་དུ་ལག་རྩལ་མཐོ་བའི་ཁྱབ་ཁོངས་སུ་མ་འཇོག་བྱེད་ཚད་མུ་མཐུད་འཕར་བ།
རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་རྒྱལ་ཁབ་ཆ་འཕྲིན་ལྟེ་གནས་ཀྱིས་ཡོངས་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། ད་ལོའི་ལོ་སྟོད་དུ་རང་རྒྱལ་གྱི་དཔལ་འབྱོར་གྱི་གཞི་རྩའི་མཉེན་ཤུགས་རྒྱུན་མཐུད་ཆེ་རུ་ཕྱིན་པ་དང་། གསར་གཏོད་འཕེལ་རྒྱས་ཀྱི་སྒུལ་ནུས་མགྱོགས་མྱུར་བརྗེ་སྒྱུར་ཐུབ་པ། ཕྱོགས་བསྡུས་སྤུས་ཚད་དང་ཕན་འབྲས་བརྟན་པོའི་ངང་ཆེ་རུ་ཕྱིན་ཡོད།
འཛད་སྤྱོད་བྱེད་མང་བའི་ཁྱབ་ཁོངས་ཀྱི་འཕར་ཚད་མངོན་གསལ་དོད་ཅིང་། ཟླ་དང་པོ་ནས་དྲུག་པའི་བར་འཛད་སྤྱོད་གཏོང་སྤྲོད་དངུལ་འབོར་དུས་མཚུངས་ལས་2.7%འཕར་བའི་ནང་ཚོང་ཟོག་འཛད་སྤྱོད་དང་ཞབས་ཞུའི་འཛད་སྤྱོད་དུས་མཚུངས་ལས་4.0%དང་0.8%སོ་སོར་འཕར་ཡོད། གློག་རྡུལ་ཚོང་ཟོག་གི་དགོས་མཁོ་ཆེ་རུ་ཕྱིན་ནས་དུས་མཚུངས་ལས་9.5%འཕར་ཡོད། རིག་གནས་དང་ཡུལ་སྐོར་དང་འབྲེལ་བའི་འགྲིམ་འགྲུལ་དང་བཟའ་བཏུང་གི་འཛད་སྤྱོད་འཕར་ཚད་དུས་མཚུངས་ལས་6.1%དང་4.9%སོ་སོར་འཕར་ཡོད།
མི་ཐབས་རིག་ནུས་སོགས་ལག་རྩལ་མཐོ་བའི་ཁྱབ་ཁོངས་སུ་མ་འཇོག་བྱེད་ཚད་རྒྱུན་མཐུད་འཕར་ཞིང་། ཟླ་དང་པོ་ནས་དྲུག་པའི་བར་མི་ཐབས་རིག་ནུས་དང་མི་ཐབས་འཕྲུལ་མི་སོགས་ལག་རྩལ་གསར་ཤོས་ཁྱབ་ཁོངས་ཀྱི་མ་འཇོག་དངུལ་འབོར་དུས་མཚུངས་ལས་118.4%འཕར་བ་དང་། རྩིས་ནུས་སོགས་ཁྱབ་ཁོངས་ཀྱི་གྲངས་གཞིའི་རྨང་གཞིའི་སྒྲིག་བཀོད་རྣམ་གྲངས་ཀྱི་འོས་ཐོབ་དངུལ་འབོར་དུས་མཚུངས་ལས་23.0%འཕར་ཡོད།
བཟོ་ལས་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་བརྟན་པ་དང་། སྒུལ་ནུས་གསར་བ། སྤུས་ཚད་ལེགས་པ་བཅས་བྱུང་ཞིང་། ལོ་སྟོད་དུ་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་ཀྱི་འབྲེལ་ཡོད་ཆེད་ཁེ་དབང་བསྐུར་བྱེད་ཚད་དུས་མཚུངས་ལས་15.6%འཕར་བ་དང་མི་ཐབས་རིག་ནུས་དང་འབྲེལ་བའི་ཆེད་ཁེ་དབང་བསྐུར་བྱེད་ཚད་དུས་མཚུངས་ལས་34.8%འཕར་ཡོད།
འབྲེལ་ཡོད་གསར་འགྱུར།