དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “ཀྲུང་གོ་གུང་ཁྲན་ཏང་གི་ལག་ལེན་གྱི་ཉམས་མྱོང་སློབ་སྦྱོང་དང་དཔྱད་གཞིར་འཛིན་རིན་ཡོད”

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཀྲང་ཕེང་ཧུའེ།   |     སྤེལ་དུས།  2026-07-16

    ཉིན་ཤས་གོང་། མོང་གོལ་རྒྱལ་ཁབ་ཏུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་གིས་གཉེར་བའི“ལག་གདང་སྦྲེལ་ནས་མཉམ་དུ་བསྐྱོད། ཀྲུང་གོ་གུང་ཁྲན་ཏང་གི་ལོ་ངོ་105ཡི་ལོ་རྒྱུས་ལམ་བུ”ཞེས་པའི་བརྗོད་དོན་གཙོ་བོའི་བཞུགས་མོལ་ཚོགས་འདུར་མོང་གོལ་རྒྱལ་ཁབ་ཀྱི་སྲིད་ཏང་གི་འགན་འཁུར་བ་གཙོ་བོ་དང་། ཇུས་འདོན་ཚོགས་པའི་རིགས་གཅིག་མཁས་ཅན་དང་མཁས་དབང་། སྨྱན་སྦྱོར་གྱི་འཐུས་མི་བཅས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གི་ལང་ཚོའི་གསོན་ཤུགས་ནམ་ཡང་རྒྱས་པའི་འབྱུང་ཁུངས་འཚོལ་ཞིབ་བགྲོ་གླེང་བྱས་ནས་དུས་རབས་གསར་པའི་ཀྲུང་གོའི་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་མཉམ་དུ་གླེང་སྟེ། མོང་གོལ་རྒྱལ་ཁབ་དང་ཀྲུང་གོའི་ཏང་སྐྱོང་རྒྱལ་སྐྱོང་གི་ཉམས་མྱོང་སྤེལ་རེས་ལ་ཤུགས་སྣོན་རྒྱག་རྒྱུའི་རེ་སྒུག་བྱེད་བཞིན་ཡོད་པ་རེད།

    མོང་གོལ་རྒྱལ་ཁབ་ཏུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཧྲེན་མིན་ཅོན་གྱིས་བཞེད་དོན་གཙོ་བོའི་གཏམ་བཤད་གནང་སྐབས། འཚོགས་མ་ཐག་པའི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་105འཁོར་བའི་རྟེན་འབྲེལ་ཚོགས་ཆེན་གྱི་གནས་ཚུལ་གཟབ་རྒྱས་ངོ་སྤྲོད་བྱས་པ་དང་འབྲེལ་ཀྲུང་གོ་གུང་ཁྲན་ཏང་གིས་བརྒྱུད་མྱོང་བའི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ལམ་བུ་དང་ཐོབ་པའི་གྲུབ་འབྲས་རླབས་པོ་ཆེར་ཕྱོགས་ཡོངས་ནས་ཕྱིར་དྲན་བྱས་ཡོད་ཅེས་ངོ་སྤྲོད་བྱས་པ་དང་། ཧྲེན་མིན་ཅོན་གྱིས། ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་མ་ཟད། མིའི་རིགས་ཀྱི་སྤྱི་ཚོགས་ཡར་ཐོན་ཡོང་བར་ཡང་བྱས་ཡོད་ཅེས་བརྗོད། ཀྲུང་གོས་ཞི་བདེ་དང་། འཕེལ་རྒྱས། མཉམ་ལས། གཉིས་ཕན་བཅས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ནས་མིའི་རིགས་ཡོངས་ཀྱི་ཐུན་མོང་རིན་ཐང་དར་སྤེལ་གཏོང་བ་དང་། བསྟུན་མཁས་ཀྱི་མཐའ་འཁོར་གྱི་ཕྱི་འབྲེལ་འདུ་ཤེས་རྒྱུན་འཁྱོངས་བཅས་བྱས་ཏེ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་དང་མཐའ་འཁོར་གྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་བཏང་ཡོད་ཅེས་བརྗོད།

    མོང་གོལ་རྒྱལ་ཁབ་མི་དམངས་ཏང་གི་འཐབ་ཇུས་ཞིབ་འཇུག་ཁང་གི་ཡོན་ཀྲང་ཉི་ཡ་མུའུ་ཨོ་སོར་གྱིས།“འདས་ཟིན་པའི་ལོ་105ཡི་རིང་ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་མིའི་རིགས་ཀྱི་ལོ་རྒྱུས་ཐོག་གི་གྲུབ་འབྲས་རླབས་ཆེ་ཤོས་ཐོབ་པ་དང་འཛམ་གླིང་དུ་མཐོང་དཀོན་པའི་ངོ་མཚར་བྱས་རྗེས་བཏོད་དེ། ཀྲུང་གོ་འདི་ཉིད་མིག་སྔའི་འཛམ་གླིང་གི་གསོན་ཤུགས་ཆེ་ཤོས་ལྡན་པའི་རྒྱལ་ཁབ་ཀྱི་གྲས་ཤིག་ཏུ་འཛུགས་སྐྲུན་བྱས་ཡོད། ཀྲུང་གོ་གུང་ཁྲན་ཏང་གི་ལག་ལེན་གྱི་ཉམས་མྱོང་སློབ་སྦྱོང་དང་དཔྱད་གཞིར་འཛིན་རིན་ཡོད”ཅེས་མྱོང་ཚོར་ཟབ་མོས་བརྗོད།

    ཀྲུང་གོ་གུང་ཁྲན་ཏང་འཇོན་པོ་ཡོད་དགོས་དོན་གང་ཡིན་ནམ་ཞེས་འདྲི་དུས། ཚོགས་ཞུགས་སྐུ་མགྲོན་རྣམས་ཀྱིས་མ་གྲོས་གཅིག་མཐུན་གྱིས“མི་དམངས”སྐོར་གླེང་ཞིང་། མོང་གོལ་རྒྱལ་ཁབ་ཀྱི་རྒྱ་རིག་པ་མཁས་ཅན་ཆི་སྨི་ཏེ་ཚེ་ཡེ་ཡིས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འགྲོ་ལམ་གྱིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་ཕྱོགས་མཐའ་འཁྱོངས་བྱས་ནས་ཐོག་མཐའ་བར་གསུམ་དུ“མི་དམངས་ཀྱི་ལངས་ཕྱོགས”བརྟན་སྲུང་བྱས་པས་སྙིང་དབུས་ནས་མི་དམངས་ཀྱི་བརྩི་བཀུར་དང་རྒྱབ་སྐྱོར་ཐོབ་ཡོད་ཅེས་བརྗོད།

    ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལེགས་གྲུབ་ཡོང་དོན་གང་ཡིན་ནམ་ཞེས་འདྲི་དུས། ཉི་ཡ་མུའུ་ཨོ་སོར་གྱིས་དེའི་ལན་ནི“ཡུན་རིང་གི་འཆར་འགོད”ནང་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད། ཁོང་གིས། ཀྲུང་གོས་ལོ་ལྔའི་འཆར་འགོད(འཆར་གཞི)རྒྱུན་མཐུད་བཟོས་ནས་ལག་ལེན་བསྟར་ཏེ། རྒྱལ་ཁབ་ཀྱི་འཕེལ་རྒྱས་ཁ་ཕྱོགས་ལ་ཐོག་མཐའ་བར་གསུམ་དུ་མཛུབ་ཁྲིད་བྱེད་བཞིན་ཡོད། “ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་རྩ་གནད་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དམིགས་ཏེ་རྒྱལ་ཁབ་ཀྱི་གསར་གཏོད་མ་ལག་གི་སྤྱི་ཡོངས་ཀྱི་ནུས་ཕྱོད་མཐོ་རུ་གཏོང་བ་དང་། རང་བརྟེན་གསར་གཏོད་ཀྱི་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་གཏོང་བ། ཚན་རྩལ་འཕེལ་རྒྱས་ཀྱི་མཐོ་ས་བཟུང་བ། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་ལ་སྐུལ་འདེད་གཏོང་བ་སོགས་བྱེད་དགོས་པའི་ནན་བཤད་བྱས་ནས་ཀྲུང་གོའི་དཔལ་འབྱོར་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད་ཅེས་བརྗོད།

    “ཀྲུང་གོའི་འཕེལ་རྒྱས་ཀྱི་ལོ་རྒྱུས་ལམ་བུས་དེང་རབས་ཅན་ནི་ནུབ་ཕྱོགས་ཅན་དང་མཚུངས་ཀྱི་མེད་པ་མངོན་པ་དང་། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལའང་རང་ཉིད་ཀྱི་རྒྱལ་བབ་དང་མཐུན་པའི་དེང་རབས་ཅན་གྱི་ལམ་བུ་འཚོལ་ཞིབ་བྱེད་པའི་ནུས་པ་ཡོངས་སུ་ལྡན་ཡོད” མོང་གོལ་རྒྱལ་ཁབ་ཀྱི“རྒྱུད་གཅིག་ལམ་གཅིག”ཐུན་མོང་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་ཀྱི་གསར་གཏོད་ཀྲུའུ་རེན་ཁྲའོ་ལུན་ཨེ་ཏན་གྱིས་ཀྲུང་གོའི་ཏང་དང་སྲིད་གཞུང་གི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པར་ཞིབ་འཇུག་དང་ཀྲུང་གོ་འཕེལ་རྒྱས་ཀྱི་འཐབ་ཇུས་ལ་ཞིབ་འཇུག་གཏིང་ཟབ་བྱས་ཏེ་མོང་གོལ་རྒྱལ་ཁབ་དང་ཀྲུང་གོའི་ནུས་རྒྱུ་དང་ལྗང་མདོག་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་བར་ཇུས་འདོན་ཚོགས་པའི་སྟོབས་ཤུགས་ལེགས་སྐྱེས་འབུལ་རྒྱུའི་རེ་བ་བྱེད་བཞིན་ཡོད་ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།