མར་ཁེ་སི་རིང་ལུགས་ཀྱི་གསར་འགྱུར་ལྟ་བའི་ཆེད་དོན་གསོ་སྦྱོང་འཛིན་གྲྭ་ལྷ་སར་སློབ་འགོ་ཚུགས་པ།
ཟླ་7ཚེས་14ཉིན་གྱི་སྔ་དྲོར། མར་ཁེ་སི་རིང་ལུགས་ཀྱི་གསར་འགྱུར་ལྟ་བའི་ཆེད་དོན་གསོ་སྦྱོང་འཛིན་གྲྭ་ལྷ་སར་སློབ་འགོ་ཚུགས་ཤིང་། འཛིན་གྲྭ་དེ་གཉེར་བའི་དམིགས་ཡུལ་ནི“གསར་འགྱུར་བོད་སྐྱོར”ལས་དོན་གཏིང་ཟབ་ཏུ་གཏོང་བའི་བྱ་སྤྱོད་ཞིབ་ཕྲ་སྤེལ་བ་ཞིག་ཡིན་པ་དང་། སྒོ་རྩར་སློབ་ཚན་ཁྲིད་པའི་རྣམ་པ་བརྒྱུད། སྤུས་ལེགས་ཀྱི་གསོ་སྦྱོང་ཐོན་ཁུངས་གངས་ལྗོངས་ས་མཐོའི་གཞི་རིམ་གྱི་འཐབ་ས་དང་པོར་སླེབས་ཆེད་ཡིན་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་གསོ་སྦྱོང་དེ་ནི་ཀྲུང་ཧྭ་རྒྱལ་ཡོངས་གསར་འགྱུར་ལས་དོན་པའི་མཐུན་ཚོགས་ཀྱིས་སྒྲིག་འཛུགས་བྱས་ཤིང་། མི་དམངས་ཉིན་རེའི་ཚགས་པར་ཁང་དང་། ཤིན་ཧྭ་གསར་འགྱུར་ཁང་། སྤྱི་ཚོགས་ཚན་རིག་ཁང་སོགས་དབང་གྲགས་སྒྲིག་གཞིའི་རིགས་གཅིག་མཁས་ཅན་དང་མཁས་དབང་གྲགས་ཅན་བོད་དུ་སློབ་ཁྲིད་བྱེད་པར་གདན་དྲངས་ཡོད། གསོ་སྦྱོང་དུས་ཡུན་ཉིན་བཞི་ཡིན་པ་དང་། ལྷ་སར་ཚོགས་ར་གཙོ་བོ་དང་ལྗོངས་ཡོངས་ཀྱི་ས་ཨུད་དང་གྲོང་ཨུད་7གྱི་དྲིལ་བསྒྲགས་པུའུ་དང་རྫོང(ཆུས་དང་གྲོང་ཁྱེར)ཨུད་དྲིལ་བསྒྲགས་པུའུ་རུ་ཡན་ལག་ཚོགས་ར་བཀོད་སྒྲིག་བྱས་ཤིང་། གསར་འགྱུར་བཅར་འདྲི་དང་རྩོམ་སྒྲིག་རྐང་འཛིན་པ་1000ཙམ་དུས་གཅིག་ཏུ་གསོ་སྦྱོང་ལ་ཞུགས་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།