ཀྲུང་གོའི་བོད་ལྗོངས“ཧི་མ་ལ་ཡའི་མཐའ་འཁོར”གྱི་རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས་སྐབས་ལྔ་པ་འགོ་ཚུགས་ཉེར་ཡོད་པ།
རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཆོག་མཆན་ཐོབ་པ་བརྒྱུད། ཀྲུང་གོའི་བོད་ལྗོངས“ཧི་མ་ལ་ཡའི་མཐའ་འཁོར”གྱི་རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས་སྐབས་ལྔ་པ་2026ལོའི་ཟླ་7ཚེས་16ནས་18ཉིན་བར་ཉིང་ཁྲིར་གཉེར་རྒྱུ་རེད།
ད་ཐེངས་ཀྱི་གླེང་སྟེགས་ཀྱིས“མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་བྱས་ནས་འཕེལ་རྒྱས་དང་མཉམ་ལས་ཀྱི་གྲུབ་འབྲས་མཉམ་སྤྱོད”ལ་དམིགས་པ་དང་། “ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་མཉམ་སྐྲུན”ལ་གཞིགས་ཤིང་། ས་མཐོའི་སྐྱེ་ཁམས་ཀྱི་རང་སྤུས་དང་འཕེལ་རྒྱས་ཀྱི་ཁྱད་ཆོས་ལ་གཞི་ཚུགས་ཏེ་གླེང་སྟེགས་གཙོ་བོ་དང“ས་མཐོའི་གནམ་གཤིས་འགྱུར་ལྡོག་དང་སྐྱེ་ཁམས་བདེ་འཇགས” “ས་མཐོའི་རིག་གནས་ཡུལ་སྐོར་སྤུས་ཚད་མཐོ་བའི་འཕེལ་རྒྱས” “ས་མཐོའི་ལུས་རྩལ་མཉམ་ལས” “ས་མཐོའི་ལྗང་མདོག་བདེ་ཐང”བཅས་ཡན་ལག་གླེང་སྟེགས་4བཙུགས་ཡོད། ས་མཐོའི་འཕེལ་རྒྱས་ཀྱི་བརྗོད་གཞི་དང་དམ་པོར་འབྲེལ་ནས་ཕྱོགས་མང་པོ་ནས་ཧི་མ་ལ་ཡའི་མཐའ་འཁོར་ས་ཁུལ་གྱི་རྒྱལ་ཁབ་ཁག་གི་སྤེལ་རེས་མཉམ་ལས་ཀྱི་ཆེད་ལས་སྐད་ཆ་ཤོད་རེས་ཀྱི་བར་མཐོངས་བཏོད་ཡོད།
ལོ་མང་རིང་། གླེང་སྟེགས་དེས་བོད་ཀྱི་འཕེལ་རྒྱས་འཛུགས་སྐྲུན་གྱི་གྲུབ་འབྲས་མཚོན་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བོད་ལ་ཤེས་རྟོགས་ཟབ་ཏུ་གཏོང་བ། བོད་ཀྱི་ཕྱི་ཕྱོགས་སྒོ་དབྱེའི་ཆུ་ཚད་མཐོ་རུ་གཏོང་བ། མཐའ་འཁོར་རྒྱལ་ཁབ་དང་མཛའ་མཐུན་སྤེལ་རེས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་སོགས་ལ་ཕན་འབྲས་བཟང་པོ་ཐོན་ཡོད།
འབྲེལ་ཡོད་གསར་འགྱུར།