རྒྱལ་སྲིད་སྤྱི་ཁྱབ་ཁང་གིས།
《འཛད་སྤྱོད་བྱེད་རྒྱ་ཆེ་རུ་གཏོང་བའི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད》ལ་བཀའ་མཆན་སྤྲད་ནས་མོས་མཐུན་བྱས་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་13ཉིན་གློག་འཕྲིན་འབྱོར་གསལ། ཚེས་13ཉིན། ཀྲུང་གོ་སྲིད་གཞུང་དྲ་བར་སྤེལ་བའི་གནས་ཚུལ་ལ་གཞིགས་ན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《འཛད་སྤྱོད་བྱེད་རྒྱ་ཆེ་རུ་གཏོང་བའི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད》སྐོར་ལ་བཀའ་མཆན་སྤྲོད་པའི་ཡིག་ཆ་བཀྲམ་སྟེ། རྩ་དོན་ཐོག《འཛད་སྤྱོད་བྱེད་རྒྱ་ཆེ་རུ་གཏོང་བའི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད》ལ་མོས་མཐུན་བྱས་པ་རེད།
བཀའ་མཆན་ནང་བསྟན་དོན། འཆར་འགོད་ལག་བསྟར་བྱེད་སྐབས་ནང་མཁོ་རྒྱ་སྐྱེད་གཏོང་བའི་འཐབ་ཇུས་ཀྱི་གཞི་གནས་མཐའ་འཁྱོངས་བྱས་ནས། འཛད་སྤྱོད་ཆེར་སྤེལ་གྱི་ཆེད་དོན་བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཞབས་ཞུའི་འཛད་སྤྱོད་བྱེད་རྒྱ་ཆེ་རུ་གཏོང་བ། ཚོང་ཟོག་འཛད་སྤྱོད་རིམ་སྤོར་བྱེད་པ། ལས་རྣམ་ཕུན་སུམ་ཚོགས་སུ་གཏོང་བ། འཛད་སྤྱོད་བྱེད་ནུས་ཆེ་རུ་གཏོང་བ། འཛད་སྤྱོད་ཁོར་ཡུག་ལེགས་སུ་གཏོང་བ། ལམ་ལུགས་དང་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་བ། གྲོང་མིའི་འཛད་སྤྱོད་བྱེད་རྒྱ་ཆེ་རུ་གཏོང་བའི་ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས། དཔལ་འབྱོར་འཕེལ་རྒྱས་ལ་འཛད་སྤྱོད་ཀྱི་རྨང་གཞིའི་རང་བཞིན་གྱི་ནུས་པ་དེ་བས་ལེགས་པ་ཐོན་པར་བྱེད་དགོས།
བཀའ་མཆན་ནང་བླང་བྱ་བཏོན་དོན། ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཁག་གི་མི་དམངས་སྲིད་གཞུང་གིས་འཛད་སྤྱོད་བྱེད་རྒྱ་ཆེ་རུ་གཏོང་བ་དེ་ས་ཁུལ་དེ་གའི“ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ཏེ། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། ལས་ཀའི་འགན་འཁྲི་ཁ་གསལ་བཟོ་བ། ཡུལ་བབ་དང་བསྟུན་ནས་འཛད་སྤྱོད་བྱེད་རྒྱ་ཆེ་རུ་གཏོང་བའི་ཐབས་ལམ་འཚོལ་ཞིབ་ཡག་པོ་བཅས་བྱས་ཏེ། དོན་དངོས་དང་ཟུང་འབྲེལ་གྱིས་འཆར་འགོད་ནང་བཏོན་པའི་དམིགས་ཚད་ལས་འགན་དང་སྲིད་ཇུས་བྱ་ཐབས་དོན་འཁྱོལ་ཡག་པོ་བྱེད་དགོས།
འབྲེལ་ཡོད་གསར་འགྱུར།