དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཅང་ཤིས་རུའེ་ཅིན་གྱི་མཛེས་མཐུན་གྲོང་གསེབ་རི་མོ་ལྟར་ལྟ་ན་སྡུག

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-07-15

    འདི་ནི་ཅང་ཤིས་ཞིང་ཆེན་རུའེ་ཅིན་གྲོང་ཁྱེར་རེན་ཐེན་གྲོང་རྡལ་ཀྲུང་ཐན་གྲོང་ཚོའི་རྒྱུད་དུ་རིམ་པ་སྟར་ཆགས་སུ་གནས་པའི་ཡུལ་མིའི་སྡོད་ཁང་དང་། སྔོ་ལྗང་གི་ཞིང་ཁ། གྱ་གྱུའི་ཆུ་བོ་བཅས་ལས་དབྱར་གཞུང་གི་ལྟ་ན་སྡུག་པའི་གྲོང་གསེབ་ཀྱི་རྣམ་པ་ཞིག་གྲུབ་ཡོད།

    ཉེ་བའི་ལོ་ཤས་རིང་། ཅང་ཤིས་ཞིང་ཆེན་རུའེ་ཅིན་གྲོང་ཁྱེར་གྱིས“གནས་འཕྲོད་དང་། ལས་འཚམ། ཡུལ་སྐོར་ལ་འཚམ་པ”བཅས་ཀྱི་མཛེས་མཐུན་གྲོང་གསེབ་སྐྲུན་པའི་དམིགས་ཚད་དང་། “ཡག་པོ་བཞིའི་གྲོང་གསེབ་གཞུང་ལམ”འཛུགས་སྐྲུན་དང་། མི་སྡོད་ཁོར་ཡུག་བཅོས་སྒྲིག ཆུ་དང་གསང་སྤྱོད་བཅོས་སྒྲིག ཆུའི་སྐྱེ་ཁམས་ཉམས་གསོ་སོགས་ཀྱི་རྣམ་གྲངས་ལ་དམིགས་ཏེ། “ཆུ་དྭངས་བ་དང་། ལམ་གཙང་བ། སྒོ་ར་མཛེས་པ”བཅས་ཀྱི་གྲོང་ཚོའི་ཁོར་ཡུག་ནུས་ཤུགས་ཡོད་རྒུས་བསྐྲུན་པ་མ་ཟད། ཡུལ་བབ་དང་བསྟུན་ནས་ཡུལ་མིས་ཞིང་ཁྱིམ་སྤྲོ་སྐྱིད་ཁང་དང་། ཤིང་འབྲས་འཐུ་རོལ་གླིང་། ཡུལ་སྐོར་དམངས་སྲོལ་གནས་ཚང་བཅས་བཏོད་པ་དང་། “སྒོ་རའི་དཔལ་འབྱོར”དང་གྲོང་གསེབ་ཀྱི་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་བཏང་སྟེ། ཡུལ་མིའི་ལས་གཏོད་དང་ལས་ཞུགས་ཀྱི་འབབ་འཕར་ཐབས་ལམ་ཡངས་སུ་བཏང་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།