ཟླ་6པར་གྲོང་མིའི་འཛད་སྤྱོད་ཀྱི་རིན་གོང་སྟོན་གྲངས་ལོ་གོང་མའི་དུས་མཚུངས་ལས་1.0%འཕར་བ།
བཟའ་བཅའི་རིན་གོང་ལོ་གོང་མའི་དུས་མཚུངས་ལས་1.6%ཆག་པ།
རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་ཡོངས་བསྒྲགས་བྱས་པའི་གྲངས་གཞིར་གཞིགས་ན། ཟླ་6པར་དུས་ཚིགས་རང་བཞིན་གྱི་རྒྱུ་རྐྱེན་དང་རྒྱལ་སྤྱིའི་ཁྲོམ་རའི་རིན་གོང་འཕར་ཆག་སོགས་ཀྱི་ཤུགས་རྐྱེན་ཐེབས་ཏེ། གྲོང་མིའི་འཛད་སྤྱོད་ཀྱི་རིན་གོང་སྟོན་གྲངས(CPI)ཟླ་བསྡུར་བྱས་པ་ལས་0.3%ཆག་པ་དང་ལོ་གོང་མའི་དུས་མཚུངས་ལས་1.0%འཕར་བ་དང་། བཟའ་བཅའ་དང་ནུས་རྒྱུའི་རིན་གོང་ཕུད་པའི་ལྟེ་བའི་CPIལོ་གོང་མའི་དུས་མཚུངས་ལས་1.0%འཕར་ནས་མུ་མཐུད་དོ་སྙོམས་ངང་འཕར་ཡོད། རྒྱལ་ནང་གི་ལས་རིགས་ཁག་གཅིག་གི་དགོས་མཁོ་ཆེ་རུ་ཕྱིན་མོད། འོན་ཀྱང་རྒྱལ་སྤྱིའི་མ་བཅོས་རྡོ་སྣུམ་གྱི་རིན་གོང་ཆག་པ་སོགས་ཀྱི་ཤུགས་རྐྱེན་ཐེབས་ཏེ། བཟོ་ལས་ཐོན་སྐྱེད་པའི་བཟོ་གྲྭ་ནས་ཐོན་པའི་རིན་གོང་གི་སྟོན་གྲངས(PPI)ཟླ་བསྡུར་བྱས་པ་ལས་0.3%ཆག་པ་དང་ལོ་གོང་མའི་དུས་མཚུངས་ལས་4.1%འཕར་ཡོད།
ཟླ་བསྡུར་བྱས་པར་བལྟས་ན། རྒྱལ་ཡོངས་ཀྱི་CPIཆག་ཚད་0.3%ཟིན་ཞིང་། རྒྱལ་སྤྱིའི་ཁྲོམ་རའི་རིན་གོང་འཕར་ཆག་གི་ཤུགས་རྐྱེན་ཐེབས་ཏེ། རྒྱལ་ནང་གི་གསེར་གྱི་རྒྱན་ཆ་དང་རླངས་སྣུམ་གྱི་རིན་གོང་8.7%དང་4.9%སོ་སོར་ཆག་པ་དང་། ཆག་ཚད་ཟླ་གོང་མ་ལས་བརྒྱ་ཆའི་གྲངས་5.9དང་4.6སོ་སོར་འཕར་བ། བསྡོམས་རྩིས་བརྒྱབ་ན་ཤུགས་རྐྱེན་ཐེབས་ནས་CPIཟླ་བསྡུར་བྱས་པ་ལས་བརྒྱ་ཆའི་གྲངས་0.22ཙམ་ཆག་ཡོད། བཟའ་བཅའི་རིན་གོང་0.4%ཆག་པ་དང་། ཆག་ཚད་ཟླ་གོང་མ་དང་གཅིག་མཚུངས་ཡིན་པ། ཤུགས་རྐྱེན་ཐེབས་ནས་CPIཟླ་བསྡུར་བྱས་པ་ལས་བརྒྱ་ཆའི་གྲངས་0.07ཙམ་ཆག་ཡོད། ཞབས་ཞུའི་རིན་གོང་ཟླ་གོང་མར་0.1%ཆག་པ་ནས་གཅིག་མཚུངས་བྱུང་ཡོད།
ལོ་བསྡུར་བྱས་པར་བལྟས་ན། རྒྱལ་ཡོངས་ཀྱི་CPIའཕར་ཚད་1.0%ཟིན་པ་དེ་ཟླ་གོང་མ་ལས་བརྒྱ་ཆའི་གྲངས་0.2ཆག་ཡོད། རྒྱལ་སྤྱིའི་ནང་འདྲེན་རང་བཞིན་གྱི་རྒྱུ་རྐྱེན་སོགས་ཀྱིས་རྒྱལ་ནང་གི་བཟོ་ལས་འཛད་སྤྱོད་ཐོན་རྫས་ཀྱི་རིན་གོང་ཆག་པར་སྐུལ་ཁྲིད་བྱས་ཡོད། བཟོ་ལས་ཀྱི་འཛད་རྫས་རིན་གོང་2.9%འཕར་བ་དང་། འཕར་ཚད་ཟླ་གོང་མ་ལས་བརྒྱ་ཆའི་གྲངས་1.0ཆག་པ། ཤུགས་རྐྱེན་ཐེབས་ནས་CPIལོ་གོང་མའི་དུས་མཚུངས་ལས་བརྒྱ་ཆའི་གྲངས་0.90ཙམ་འཕར་ཡོད། ཞབས་ཞུའི་རིན་གོང་འཕར་ཚད་0.8%ཟིན་པ་དང་། འཕར་ཚད་ཟླ་གོང་མ་དང་གཅིག་མཚུངས་ཡིན་པ། ཤུགས་རྐྱེན་ཐེབས་ནས་CPIལོ་གོང་མའི་དུས་མཚུངས་ལས་བརྒྱ་ཆའི་གྲངས་0.40ཙམ་འཕར་ཡོད། བཟའ་བཅའི་རིན་གོང་1.6%ཆག་པ་དང་། མར་ཆག་པའི་འཕེལ་ཕྱོགས་ཟླ་གོང་མ་ལས་བརྒྱ་ཆའི་གྲངས་0.1ཇེ་དལ་དུ་སོང་བ། CPIལོ་གོང་མའི་དུས་མཚུངས་ལས་བརྒྱ་ཆའི་གྲངས་0.28ཙམ་ཆག་པར་ཤུགས་རྐྱེན་ཐེབས་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།