ངོགས་གཉིས་ཀྱི་གཞོན་ནུས་སྤོ་ལོར་བརྟེན་ནས་གྲོགས་པོ་སྒྲིག་པ།

འདི་ནི་ལན་ཆིའུ་སྤོ་ལོའི་འགྲན་བསྡུར་བྱེད་བཞིན་པ།
ཉིན་ཤས་གོང་། “ངོགས་གཉིས་ཀྱི་གཞོན་ནུའི་སེམས་པ་གཅིག་ཏུ་མཐུན། ལན་ཆིའུ་སྤོ་ལོར་བརྟེན་ནས་ཕུགས་འདུན་འགྲུབ”ཅེས་པའི་2026ལོའི་ཀྲེ་ཅང་དང་ཐའེ་དབན་གྱི་གཞོན་ནུའི་མི་གསུམ་ལུགས་ཀྱི་ལན་ཆིའུ་སྤོ་ལོའི་གདན་ཞུའི་འགྲན་བསྡུར་ཀྲེ་ཅང་ཧུའུ་ཀྲོའུ་གྲོང་ཁྱེར་ཏེ་ཆིང་རྫོང་དུ་སྤེལ་བ་རེད། ཐའེ་པེ་དང་། ཅ་དབྱི། ཀའོ་ཞུང་སོགས་ནས་ཡོང་བའི་ཐའེ་དབན་གྱི་གཞོན་ནུའི་ལན་ཆིའུ་སྤོ་ལོའི་རུ་ཁག་མང་པོ་ཞིག་གིས་སྐམ་ས་ཆེ་མོའི་གཞོན་ནུའི་ལན་ཆིའུ་སྤོ་ལོའི་རུ་ཁག་དང་མཉམ་དུ་སྤོ་ལོར་བརྟེན་ནས་གྲོགས་པོ་སྒྲིག་པ་དང་། ཤེས་རྟོགས་ཟབ་ཏུ་གཏོང་བ། མཛའ་གྲོགས་ཟབ་ཏུ་གཏོང་བ་བཅས་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།