དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • རི་པིན་གྱི་དམངས་ཚོགས་ཁྲི་14ཙམ་གྱིས་ཀའོ་ཧྲི་སྲིད་གཞུང་གི་ཉེན་ཁའི་སྲིད་ཇུས་ལ་རྒོལ་གཏམ་བཏང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2026-07-15

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཐོ་ཁེའོ་ནས་གློག་འཕྲིན་འབྱོར་གསལ། ཚེས་10ཉིན་གྱི་དགོང་མོར། རི་པིན་གྱི་དམངས་ཚོགས་མང་པོ་ཞིག་ཐོ་ཁེའོ་རུ་གནས་པའི་རྒྱལ་ཚོགས་དོན་གྲོས་ཁང་གི་མདུན་དུ་རྒོལ་གཏམ་གཏོང་བའི་འདུ་འཛོམས་བྱས་ནས། ཉེ་དུས་ཀའོ་ཧྲི་ཙའོ་མེའོ་སྲིད་གཞུང་གིས་སྐུལ་འདེད་བཏང་བའི་ཉེན་ཁའི་སྲིད་ཇུས་དང་ཁྲིམས་གཞིར་ངོ་རྒོལ་བྱས་པ་རེད།

    བྱེད་སྒོ་གཙོ་གཉེར་ཕྱོགས་ཀྱིས་ཡོངས་བསྒྲགས་བྱས་པའི་གྲངས་གཞིར་གཞིགས་ན། དེ་ཉིན་དགོང་མོར་མི་ཁྲི་2.7ཙམ་ཡུལ་དངོས་ལ་རྒོལ་གཏམ་གཏོང་བར་སླེབས་ཡོད་པ་དང་། གཞན་ཡང་མི་ཁྲི་11ཙམ་དྲ་ཐོག་ནས་ཞུགས་ཡོད། རྒོལ་གཏམ་གཏོང་མཁན་དམངས་ཚོགས་ཀྱིས་རྒྱལ་ཚོགས་དོན་གྲོས་ཁང་མཐའ་འཁོར་གྱི་རྐང་ཐང་ལམ་དུ་སྤྱི་ལེ་ཁ་ཤས་ཟིན་པའི་བང་བསྒྲིགས་ནས“ཀའོ་ཧྲི་ཡིས་ཁྲིམས་མེད་ལུགས་མེད་བྱེད་མི་ཆོག”དང“རི་པིན་གྱིས་ནམ་ཡང་དྲག་ཤུགས་སྤོང་དགོས”སོགས་ཀྱི་འབོད་ཚིག་སྐད་གསང་མཐོན་པོས་བསྒྲགས་པ་མ་ཟད། རི་པིན་གྱི་རྩ་ཁྲིམས་ཀྱི་དོན་ཚན་དགུ་པ་མཉམ་དུ་སྒྲོག་སྦྱངས་ཀྱང་བྱས་ཏེ། དབུ་བཞུགས་བློན་ཆེན་ཀའོ་ཧྲི་ཙའོ་མེའོ་ཡིས་མི་དམངས་ཀྱི་འདོད་བློ་རྩིས་མེད་རྡོག་རོལ་དུ་བཏང་ནས་དམག་འཁྲུག་གི་ཉེན་ཁ་ཡོད་པའི་སྲིད་ཇུས་རབ་དང་རིམ་པར་བཙན་ཤེད་ཀྱིས་སྐུལ་འདེད་གཏོང་བར་ངོ་རྒོལ་བྱས་པ་རེད།

    ཡུལ་དངོས་སུ་རྒོལ་གཏམ་གཏོང་མཁན་ཅིན་སེན་ཏན་ཙེ་ཡིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། ཁོང་གིས། མིག་སྔར་ཀའོ་ཧྲི་སྲིད་གཞུང་གིས་བཏོན་པའི་བྱ་ཐབས་རབ་དང་རིམ་པ་ནི་དམག་འཁྲུག་ལ་གྲ་སྒྲིག་བྱེད་པ་ཡིན་མོད་ཀྱང་། ཀའོ་ཧྲི་རང་ཉིད་ཀྱིས“མིག་སྔར་རི་པིན་དུ་དམག་འཁྲུག་ལངས་མེད”ཅེས་དམངས་ཚོགས་ཀྱི་དོགས་གཞིར་ཁྲལ་སེལ་སླ་བཅོས་ཀྱིས་ལན་བཏབ་པ་དེ་ནི་ཁོང་ཁྲོ་བྱེད་འོས་པ་ཞིག་འདུག་ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།