དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཞིབ་འཇུག་སྒྲིག་གཞིས་བརྗོད་དོན།

    གོ་ལ་ཧྲིལ་པོའི་གློག་འཁོར་གྱི་དགོས་མཁོ་མུ་མཐུད་ཆེ་རུ་ཕྱིན་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2026-07-15

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཧྥ་ལན་ཁེ་ཧྥུའུ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། གློག་འཁོར་དང་གློག་རྫས་ཞིབ་འཇུག་སྒྲིག་གཞིའི་ཚད་འཛིན་གཏེར་ལས་གསང་འཕྲིན་ཀུང་སིས་ཡོངས་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། ཟླ་6པར་གོ་ལ་ཧྲིལ་པོའི་གློག་འཁོར་ཐོ་འགོད་བྱེད་ཚད་བསྟུད་མར་ཟླ་བཞི་འཕར་ཞིང་། དེའི་ནང་ཡོ་རོབ་ཁུལ་དུ་འཕར་ཤུགས་ཆེ་བ་དང་མེ་གླིང་བྱང་མ་སོགས་སུ་ཕྱིར་ཚོང་བྱེད་ཚད་ཆག་ཡོད།

    གྲངས་གཞི་ལས་མངོན་པར། འདི་ལོའི་ལོ་སྟོད་དུ་གོ་ལ་ཧྲིལ་པོའི་གློག་སྒུལ་རྐྱང་པའི་རླངས་འཁོར་དང་གློག་འཇུག་རྣམ་པའི་མཉམ་སྤྱོད་སྒུལ་ཤུགས་རླངས་འཁོར(གཤམ་དུ“གློག་འཁོར”ཞེས་བསྡུ་རྒྱུ)ཐོ་འགོད་བྱེད་ཚད་ན་ནིང་གི་དུས་མཚུངས་ལས་2%འཕར་ཞིང་། ཟླ་6པར་གོ་ལ་ཧྲིལ་པོའི་གློག་འཁོར་ཐོ་འགོད་བྱེད་ཚད་ཁྲི་200ཟིན་པ་དེ་དུས་མཚུངས་ལས་7%འཕར་ཡོད། ས་ཁུལ་ནས་བལྟས་ན། ཟླ་6པར་ཡོ་རོབ་ཏུ་གློག་འཁོར་ཐོ་འགོད་བྱེད་ཚད་དུས་མཚུངས་ལས་31%འཕར་ནས་ཧ་ལམ་ཁྲི་53ཟིན་པ་དང་། ཨ་རིའི་གློག་འཁོར་གྱི་དཔྱ་ཁྲལ་ཆག་ཡང་དང་རྩ་ཆག་སྲིད་ཇུས་ལག་ལེན་བསྟར་མཚམས་བཞག་པའི་ཤུགས་རྐྱེན་ཐེབས་ཏེ། མེ་གླིང་བྱང་མར་གློག་འཁོར་ཐོ་འགོད་བྱེད་ཚད་ལོ་གོང་མའི་དུས་མཚུངས་ལས་13%ཆག་ཡོད།

    ཀུང་སི་དེས་དབྱེ་ཞིབ་བྱས་ནས་བརྗོད་དོན། གློག་འཁོར་བཟོ་སྐྲུན་ཚོང་པས་སྐུལ་འདེད་ཧུར་ཐག་བཏང་བའི་འོག་གོ་ལ་ཧྲིལ་པོའི་གློག་འཁོར་ཁྲོམ་ར་ཟམ་མི་ཆད་པར་རྒྱ་སྐྱེད་འགྲོ་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།