དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཨ་རིས་རྡོ་སྣུམ་བཀག་སྡོམ་བྱས་པས་ཁུ་པའི་གློག་ཡང་ཡང་ཆད་པར་ཁུ་པ་ཕྱོགས་ནས་རྒོལ་གཏམ་བཏང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2026-07-15

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཧ་ཝ་ན་ནས་ཟླ་7ཚེས་11ཉིན་གློག་འཕྲིན་འབྱོར་གསལ། ཚེས་11ཉིན་ཁུ་པ་སྲིད་གཞུང་གིས་ཨ་རིས་ཁུ་པར“རིགས་རྒྱུད་རྩ་སྟོངས་རྣམ་པའི”རྡོ་སྣུམ་བཀག་སྡོམ་བྱས་པས་ཁུ་པའི་གློག་ཤུགས་ལ་སྐྱོན་ཡང་ཡང་ཤོར་བར་རྒོལ་གཏམ་བཏང་བ་རེད།

    ཁུ་པའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཏི་ཡ་སི—ཁ་ནེར་གྱིས་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་དུ་རྒྱལ་ཁབ་ཀྱི་གློག་ཤུགས་མ་ལག་ཉིན་ཤས་ནང་ཐོར་ཞིག་ཐེངས་གཉིས་སོང་བ་དང་། ཉམས་གསོའི་ལས་ཀར་གནོན་ཤུགས་འཕྲད་ཡོད། འོན་ཀྱང་ཁུ་པའི་གློག་ཤུགས་བཟོ་པ་ཚོས་ལས་མཚམས་གཏན་ནས་བཞག་མེད། མིག་སྔར་འཕྲུལ་ཚན་ཁག་གཅིག་སླར་ཡང་སྤྱོད་བཞིན་ཡོད། ཁོང་གིས་ཨ་རིའི“རིགས་རྒྱུད་རྩ་སྟོངས་རྣམ་པའི”རྡོ་སྣུམ་བཀག་སྡོམ་འོག་ཉམས་གསོའི་བརྒྱུད་རིམ་ཧ་ཅང་རྙོག་འཛིང་ཆེན་པོ་ཡོད་ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།