དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་གྱི་ཚྭ་མཚོའི་མ་རྐང་སྤུས་རྟགས་ཀྱི་རིན་ཐང་སྒོར་དུང་ཕྱུར་206ལས་བརྒལ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-07-15

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར། མཚོ་སྔོན་གྱི་ཚྭ་མཚོའི་བཟོ་ལས་མ་རྐང་ཚད་ཡོད་ཀུང་སི་ནས་གཏམ་བཟང་འབྱོར་བ་ལྟར་ན། 2026ལོའི་ཀྲུང་གོའི་སྤུས་རྟགས་ཀྱི་རིན་ཐང་གདེང་འཇོག་ཆ་འཕྲིན་ཡོངས་བསྒྲགས་ཚོགས་འདུའི་ཐོག མཚོ་སྔོན་གྱི་ཚྭ་མཚོའི་མ་རྐང་ཀུང་སིས་894ཡི་སྤུས་རྟགས་ཤུགས་ཚད་ལ་བརྟེན་ནས་སྤུས་རྟགས་རིན་ཐང་སྒོར་དུང་ཕྱུར་206.95ཐོབ་སྟེ་སྐབས་འདིའི་ཐོན་རྫས་སྤུས་རྟགས་ཀྱི་མིང་ཐོའི་ནང་ཚུད་པའི་ཁྱབ་བསྒྲགས་བྱས་ཡོད། དབང་གྲགས་ལྡན་པའི་དཔྱད་བསྡུར་གཏན་འབེབས་འདི་ནི་རྒྱལ་ཁབ་ཀྱི་ཆེད་ལས་གདེང་འཇོག་ལས་སྟེགས་ཀྱིས་ཁེ་ལས་ཀྱིས་རྒྱལ་ཁབ་ཀྱི་ཚྭ་མཚོའི་ཐོན་ལས་འཕེལ་རྒྱས་ཀྱི་འཐབ་ཇུས་དོན་འཁྱོལ་དང་། ཐོན་ཁུངས་ལྗང་མདོག་ཕྱོགས་བསྡུས་བེད་སྤྱོད་ཟབ་གཏོང་། ཚྭ་མཚོའི་ལྟེ་བའི་ལག་རྩལ་གྱི་འགག་སྒྲོལ་ལ་ཁས་ལེན་གང་ལེགས་བཅས་བྱས་པ་ཞིག་ཡིན་པ་དང་། མངོན་གསལ་དོད་པའི་གྲངས་གཞི་དེ་ལས་ཁེ་ལས་ཀྱི་སྤུས་རྟགས་འཛུགས་སྐྱོང་དང་། ཚན་རྩལ་གསར་གཏོད། ཐོན་ལས་འགྲན་རྩོད་བཅས་ཀྱི་ཕྱོགས་བསྡུས་སྟོབས་ཤུགས་གང་ལེགས་མངོན་པ་མ་ཟད། དེའི་རྒྱལ་ནང་གི་ཚྭ་མཚོའི་ཁྱད་ལྡན་ཐོན་ཁུངས་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲན་ལམ་ཐོག་གི་ཚད་ཤིང་གི་ཁྲིད་སྟོན་གནས་བབ་དེ་བས་མངོན་གྱི་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཕྱི་ཕྱོགས་སུ་ཡོངས་བསྒྲགས་བྱས་པའི་ཚོགས་ཆུང་བཅུ་དྲུག་པའི་ཐོན་རྫས་སྤུས་རྟགས་ཀྱི་མིང་ཐོའི་ནང་རྒྱལ་ནང་གི་ལས་རིགས་ཁག་གི་སྣེ་འདྲེན་ཁེ་ལས་ཚུད་ཡོད་ཅིང་། སྤུས་རྟགས་ཁག་གི་དམིགས་ཚད་ཁ་གསལ་དང་ཐད་ཀར་མངོན་ཡོད་པ་རེད། མཚོ་སྔོན་གྱི་ཚྭ་མཚོའི་མ་རྐང་ཚད་ཡོད་ཀུང་སི་ནི་པའོ་ཧྲན་ལྕགས་དང་ངར་ལྕགས་མ་རྐང་ཚད་ཡོད་ཀུང་སི་དང་། ཀྲེ་ཅང་ཅེ་ལི་ཡ་འཁེལ་འཐག་ཚོགས་པ། ཀྲུང་གོ་རྒྱ་མཚོའི་རྡོ་སྣུམ་ནུས་རྒྱུ་འཕེལ་རྒྱས་མ་རྐང་ཚད་ཡོད་ཀུང་སི། ཧྥུའུ་ཅན་ཧྲེན་ཡོན་རྒྱུ་ཆ་གསར་པ་ཚད་ཡོད་ཀུང་སི་བཅས་ཀྱི་རྗེས་སུ་གནས་ཤིང་། ཚོགས་ཆུང་དེའི་ཨང་ལྔ་པ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།