2026ལོའི་མཛེས་པའི་མཚོ་སྔོན་སྐོར་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་འགྲན་བསྡུར་འགོ་ཚུགས་པ།

ཟླ་7ཚེས་13ཉིན། མཛེས་པའི་མཚོ་སྔོན་སྐོར་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་འགྲན་བསྡུར་སྐབས་25པའི་འཇུ་ལག་ཧུད་རིགས་རང་སྐྱོང་རྫོང་ནས་ཧུའུ་ཀྲུའུ་ཐུའུ་རིགས་རང་སྐྱོང་རྫོང་བར་གྱི་འགྲན་དུམ་གསུམ་པའི་འགྲན་བསྡུར་བྱས་ཤིང་། མཐར་ཧ་སག་སི་ཐན་གྱི་ཤིས་ཏེ་ཧྲེང་ཨ་སི་ཐ་ན་རྐང་འཁོར་རུ་ཁག་གི་རུ་མི་ཨང་རྟགས་3པ་ཧོ་ནོ་ཁེ·མུའུ་ལུའུ་པེར་ཧན་ལ་འགྲན་དུམ་དེའི་ཨང་དང་པོ་ཐོབ་པ་རེད། འདི་ནི་འགྲན་ཞུགས་པ་ཚོས་འགྲན་བསྡུར་བྱེད་བཞིན་པ།

ཟླ་7ཚེས་12ཉིན། 2026ལོའི་མཛེས་པའི་མཚོ་སྔོན་སྐོར་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་འགྲན་བསྡུར་སྐབས་25པའི་སྟོང་སྐོར་ནས་འཇུ་ལག་བར་གྱི་འགྲན་དུམ་གཉིས་པའི་འགྲན་བསྡུར་བྱས་ཤིང་། འདི་ནི་འགྲན་ཞུགས་པས་རྐང་འཁོར་བཞོན་ནས་འགྲན་བསྡུར་བྱེད་བཞིན་པ།
འབྲེལ་ཡོད་གསར་འགྱུར།