དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • འགྲན་བསྡུར་སྤེལ་ནས་སྦྱོང་བརྡར་ལ་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-07-15

    འདི་ནི་སྒྲིག་ཚུད་བརྒྱ་ཤོག་གི་དྲག་ཆས་དཔོན་དམག་ཚོས་སྤྱི་ལེ་5ཡི་བྱེས་བགྲོད་དྲག་རྩལ་འགྲན་བསྡུར་བྱེད་བཞིན་པ།

    ཉེ་ཆར། བོད་ལྗོངས་ཆབ་མདོ་དམག་ཁུལ་ཡན་ལག་ཁང་གི་བཅའ་སྡོད་དཔུང་སྡེ་ཞིག་གི་སྦྱོང་བརྡར་བྱ་ཡུལ་དུ་དམག་སྦྱོང་གི་རྣམ་པ་ཟབ་མོ་ལྡན་པ་དང་། རྨང་གཞིའི་རྩལ་ནུས་དང་དངོས་འཐབ་ནུས་པར་དམིགས་པའི་མང་ཚོགས་རང་བཞིན་གྱི་དྲག་རྩལ་འགྲན་བསྡུར་ཞིག་ཛ་དྲག་ངང་སྤེལ་བ་རེད། དྲག་རྩལ་འགྲན་བསྡུར་མཇུག་འགྲིལ་རྗེས། དཔུང་སྡེ་དེའི་ཏང་ཨུད་ཀྱིས་དུས་ཐོག་ཏུ་བསྐྱར་ཞིབ་དང་ཕྱོགས་སྡོམ་སྒྲིག་འཛུགས་བྱས་ཏེ། ད་ཐེངས་མངོན་པའི་ཞན་ཆར་དམིགས་ནས་དམིགས་སའི་རང་བཞིན་ལྡན་པའི་སྦྱོང་བརྡར་འཆར་གཞི་བཟོས་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།