དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • སྤྱི་ཕན་གསོ་སྦྱོང་སྡེ་ཁུལ་ནང་དུ་སྤེལ། དྲག་རྩལ་ལུས་སྦྱོང་སེམས་སྐྱིད་ལུས་བདེར་ཕན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-07-15

    ཉེ་ཆར། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་སྐྱིད་ཆུ་གཞུང་སྡེ་ཁུལ་གྱིས་བོད་ལྗོངས་དྲག་རྩལ་མཐུན་ཚོགས་དང་མཉམ་དུ“དྲག་རྩལ་བྱེད་སྒོ་སྡེ་ཁུལ་དུ་སྤེལ་བའི”སྤྱི་ཕན་སློབ་ཁྲིད་གསོ་སྦྱོང་བྱེད་སྒོ་གཉེར་བ་རེད། ད་ཐེངས་ཀྱི་སྤྱི་ཕན་གསོ་སྦྱོང་དེ་སྡེ་ཁུལ་གྱི་གྲོང་མི་ཚོར་རིན་མེད་ངང་སྤེལ་བ་དང་། གཙོ་བོ་དར་མ་དང་རྒན་རྒོན་ཚོགས་སྤྱིར་ཕྱོགས་ཡོད། གསོ་སྦྱོང་ནང་བོད་ལྗོངས་དྲག་རྩལ་མཐུན་ཚོགས་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་པའི་དགེ་རྒན་གདན་ཞུ་བྱས་པ་དང་སློབ་ཁྲིད་ཀྱང་ཚན་རིག་དང་མཐུན་ལ། གོ་ཆོད་ཅིང་སྤྲོ་སྣང་རང་བཞིན་ཆེན་པོ་ལྡན་ཞིང་། དྲག་རྩལ་གྱི་རྨང་གཞིའི་རིགས་པའི་གཞུང་ལུགས་དང་། རྩེད་རྩལ། གྲི་རྩེད་སློབ་ཁྲིད་སོགས་ཀྱི་ནང་དོན་ཡོད་པ་རེད། ད་ཐེངས་ཀྱི་གསོ་སྦྱོང་བྱེད་སྒོ་ཡིས་སྲོལ་རྒྱུན་དྲག་རྩལ་སྡེ་ཁུལ་དང་གྲོང་མིའི་ཁྲོད་ཁྱབ་གདལ་བཏང་བར་བརྟེན་ཁྱིམ་མཚེས་དབར་གྱི་འབྲེལ་བ་ཟབ་ཏུ་ཕྱིན་པ་མ་ཟད། སྡེ་ཁུལ་གྱི་སེམས་ནུས་དང་གོང་བུ་སྒྲིལ་ཤུགས་ཆེ་རུ་ཕྱིན་ཏེ་བདེ་ཐང་ཡར་བརྩོན་དང་ཁྱིམ་མཚེས་འཆམ་མཐུན་གྱི་སྡེ་ཁུལ་གྱི་རྣམ་པ་བཟང་པོ་བཏོད་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།