དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྷ་སའི་གཞོན་ནུའི་ལས་གཏོད་གསར་གཏོད་ཀྱི་འགྲན་བསྡུར་ཆེ་མོའི་བྱ་དགའ་སྤྲོད་པའི་མཛད་སྒོ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-07-15

    ཉེ་ཆར། 2026ལོའི“ལང་ཚོ་གཏོད”ཅེས་པའི་ལྷ་སའི་གཞོན་ནུའི་ལས་གཏོད་གསར་གཏོད་ཀྱི་འགྲན་བསྡུར་ཆེ་མོའི་བྱ་དགའ་སྤྲོད་པའི་མཛད་སྒོ་གཟབ་རྒྱས་ངང་འཚོགས་པ་རེད།

    ད་ཐེངས་ཀྱི་འགྲན་བསྡུར་ཆེ་མོ་ནི“ལང་ཚོར་བརྟེན་ནས་ས་མཐོར་ཕུགས་འདུན་འགྲུབ། ལས་གཏོད་ཀྱིས་འཕེལ་རྒྱས་ལ་མཐུན་རྐྱེན་སྦྱར”ཞེས་པ་བརྗོད་དོན་གཙོ་བོར་བྱས་ནས་གཉེར་ཞིང་། སྤྱི་ཟླ་ལྔ་པ་ནས་བཟུང་། འགྲན་བསྡུར་ཆེ་མོར་འགྲན་ཞུགས་རྣམ་གྲངས་120ཙམ་བསྡུ་རུབ་བྱས་ཡོད་པ་དང་། མཐར་འདེམས་སྒྲུག་ཡང་ཡང་བྱས་པ་བརྒྱུད་ཕུལ་བྱུང་རྣམ་གྲངས་16བདམས་ནས་འགྲན་བསྡུར་བྱས་པ་དེ་དག་གྲོང་གསེབ་དར་རྒྱས་དང་ཚན་རྩལ་གསར་གཏོད་སོགས་ཀྱི་ཁྱབ་ཁོངས་ལ་ཁྱབ་པ་མ་ཟད། ལྷ་སའི“གཙོ་ཁྲིད་གཅིག་དང་། ཀ་རྟེན་ཆེན་པོ་གསུམ། ཐོན་ལས་ཆེན་པོ་དགུ”བཅས་ཀྱི་དེང་རབས་ཅན་གྱི་ཐོན་ལས་བཀོད་པ་དང་ཟུང་འབྲེལ་དམ་ཟབ་ཐུབ་ཅིང་། དེ་ཐོག་ནས་གཞོན་ནུ་ཚོས་ས་མཐོར་གཞི་ཚུགས་ཏེ་ལས་སྒྲུབ་བྱ་གཞག་གཏོད་པའི་སྐྱེ་སྟོབས་འབར་བའི་གསོན་ཤུགས་མངོན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།