དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ཀྱི་ཆུ་ལོག་གནོད་འཚེ་འགོག་སྲུང་གི་མཚན་མོའི་དངོས་འཐབ་ནང་སྦྱོང་ཐེངས་དང་པོ་བདེ་བླག་ངང་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-07-15

    ཉེ་ཆར། བོད་རང་སྐྱོང་ལྗོངས་ཀྱི་ཆུ་ལོག་གནོད་འཚེ་འགོག་སྲུང་གི་མཚན་མོའི་དངོས་འཐབ་ནང་སྦྱོང་ཐེངས་དང་པོ་ཉིང་ཁྲི་གྲོང་ཁྱེར་རྫ་ཡུལ་རྫོང་འགྲོ་བ་དགོན་གྲོང་རྡལ་དགྲ་ལྷ་གྲོང་ཚོར་བདེ་བླག་ངང་སྤེལ་ཞིང་། ནང་སྦྱོང་གི་བརྒྱུད་རིམ་ཧྲིལ་པོར་བདེ་འཇགས་ཨང་དང་པོར་འཇོག་པའི་རྩ་དོན་མཐའ་འཁྱོངས་བྱས་ནས་སྒྲིག་འཛུགས་གོ་རིམ་ལྡན་པ་དང་། དངོས་འཐབ་དང་མཐུན་པ། ཕན་འབྲས་དངོས་ལ་སྣང་ཆེན་བཅས་བྱས་ཏེ་ཚད་གཞི་མཐོ་པོས་བརྒྱུད་རིམ་ཧྲིལ་པོའི་ནང་སྦྱོང་ལེགས་སྒྲུབ་བྱས་པས་རང་ལྗོངས་ཀྱི་ཆུ་ལོག་གནོད་འཚེ་འགོག་སྲུང་གི་མཚན་མོའི་དངོས་འཐབ་ཅན་གྱི་ནང་སྦྱོང་གི་དཔེ་མཚོན་ཞིག་བཏོད་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་ནང་སྦྱོང་ལས་རིམ་པ་ཁག་དང་སྡེ་ཚན་ཁག་གི་མཐུན་སྦྱོར་དམག་འཐབ་ཀྱི་ནུས་པ་དང་དེ་བཞིན་མཚན་མོའི་ཉེན་གཡོལ་དང་མང་ཚོགས་ཀྱི་རང་སྐྱོབ་འདུ་ཤེས་ཆེ་རུ་ནུས་ལྡན་བཏང་ཡོད། གོམ་སྟབས་རྗེས་མར་རྫ་ཡུལ་རྫོང་གིས་ད་ཐེངས་ཀྱི་ནང་སྦྱོང་གོ་སྐབས་སུ་བྱས་ནས་ཉམས་མྱོང་ཕྱོགས་སྡོམ་ནན་ཏན་དང་། ཞན་ཆའི་ལྷུ་ཚིགས་འཚོལ་བ། འཕྲལ་སྡོམ་ཐག་གཅོད་ཀྱི་བརྒྱུད་རིམ་རྒྱུན་མཐུད་ལེགས་སུ་གཏོང་བ། ལས་རེས་སྡོད་བྱ་དང་མངོན་མེད་རྐྱེན་ངན་གྲལ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ། མཉམ་འགོག་མཉམ་སྡོམ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ། འབྲུབ་དུས་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་ནུས་ཤུགས་ཡོད་རྒུས་བརྟན་དུ་བཏང་ནས། ལྗོངས་ཡོངས་ཀྱི་ཆུ་ལོག་གནོད་འཚེའི་མཚན་མོའི་འགོག་སྲུང་ལས་དོན་ལ་དཔྱད་གཞིར་འཛིན་ཆོག་པ་དང་ཁྱབ་གདལ་གཏོང་ཆོག་པའི་ལག་ལེན་ཉམས་མྱོང་མཁོ་འདོན་བྱ་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།