དབུ་ཤོག>གསར་འགྱུར།>དམངས་འཚོ།
  • སྒར་རྫོང་གིས་ཨང་ཀི་བཀག་པར་རིན་པ་མི་ལེན་པ་དང་གཟུཌ་པོ་བརྟག་དཔྱད་ཀྱི་རྣམ་གྲངས་རིམ་སྤོར་ཞབས་ཞུ་ཁྱབ་གདལ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-07-15

    “ད་ཆ་ནད་ལྟ་བར་ཨང་ཀི་བཀག་མི་དགོས་པ་མ་ཟད། གཟུགས་པོ་བརྟག་དཔྱད་ཀྱི་རྣམ་གྲངས་ཀྱང་མང་དུ་བཏང་འདུག འདི་དག་ཚང་མ་ཁ་ཡོད་ལག་ཡོད་ཀྱི་སྲིད་ཇུས་བཟང་པོ་ཤ་སྟག་རེད”ཅེས་ཉེ་ཆར་སྒར་རྫོང་མི་དམངས་སྨན་ཁང་དུ་སྨན་བཅོས་བྱེད་བཞིན་པའི་མང་ཚོགས་ཚོས་གསར་དུ་ཁྱབ་གདལ་བཏང་བའི་དམངས་ཕན་བྱ་ཐབས་གསར་པར་བསྔགས་བརྗོད་དེ་ལྟར་བྱས།

    སྲིད་ཇུས་གསར་པ་ལག་ལེན་བསྟར་རྗེས། མང་ཚོགས་རྫོང་ཁོངས་ཀྱི་གཞུང་བཙུགས་སྨན་ཁང་ངམ་ཡང་ན་ཤང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་དུ་སྨན་བཅོས་བྱེད་པར་ཨང་ཀི་བཀག་པའི་རིན་པ་སྤྲོད་དགོས་ཀྱི་མེད། བརྟག་དཔྱད་ཡང་སེ་དང་གཅོང་ནད་བསྐྱར་བཤེར་བྱེད་དགོས་མཁན་ཞིང་འབྲོག་མང་ཚོགས་ཀྱི་ངོས་ནས་བརྗོད་ན། བྱེད་ཐབས་དེས་འགྲོ་སོང་ཙག་ཙིག་མང་པོ་གྲོན་ཆུང་ཐུབ་ཡོད། དུས་མཚུངས་སྒར་རྫོང་གིས་ད་ལོར་ད་དུང་གཟུགས་པོ་བརྟག་དཔྱད་ཀྱི་ཞབས་ཞུ་ལེགས་སུ་བཏང་ཞིང་། དེ་སྔའི་རྨང་གཞིའི་གཟུགས་པོ་བརྟག་དཔྱད་རྣམ་གྲངས་ཀྱི་སྟེང་མི་རེར་ཆ་སྙོམས་ཁ་གསབ་སྒོར་37མང་དུ་བཏང་ནས་བརྟག་དཔྱད་རྣམ་གྲངས་མང་དུ་གཏོང་བར་སྤྱད་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།