ཅི་ནན་ནས་གཞིས་རྩེ་བར་གྱི་བར་བརྒྱུད་ཐད་འཕུར་མཁའ་ལམ་ཐོག་མ་ཤར་གཏོང་ཐུབ་པ།
ཟླ་7ཚེས་11ཉིན་གྱི་སྔ་དྲོར། བོད་ལྗོངས་མཁའ་འགྲུལ་གྱིས་འཕུར་འགན་འཁུར་བའི་ཅི་ནན་ནས་ཟི་ལིང་དང་དེ་ནས་གཞིས་རྩེ་བར་གྱི་མཁའ་ལམ་དངོས་སུ་ཤར་གཏོང་ཐུབ་པ་རེད། མཁའ་ལམ་དེ་ནི་རྒྱུན་རྣམ་ཅན་གྱི་ཕར་འགྲོ་ཚུར་འོང་བྱེད་དགོས་སའི་མཁའ་ལམ་ཞིག་ཡིན་པ་དང་ལམ་ཐག་ཧྲིལ་པོར་ཆུ་ཚོད་5.5ལས་འགོར་གྱི་མེད་པ་དང་གཟའ་འཁོར་རེའི་གཟའ་མིག་དམར་དང་། གཟའ་ཕུར་བུ། གཟའ་སྤེན་པ། གཟའ་ཉི་མ་བཅས་ལ་འཕུར་སྐྱོད་བྱེད་ཀྱི་ཡོད་པ་རེད།
དུས་གཏན་གནམ་གྲུ་ཆུ་ཚོད་7དང་སྐར་མ་30ཡི་ཐོག་ཅི་ནན་གནམ་ཐང་ནས་འཕུར་ཏེ་ཟི་ལིང་བརྒྱུད་ཆུ་ཚོད་12དང་སྐར་མ་50ཡི་ཐོག་གཞིས་རྩེ་གནམ་ཐང་དུ་འབྱོར་གྱི་ཡོད་པ་དང་། ཕྱིར་ལོག་པའི་དུས་ཚོད་དེ་ཆུ་ཚོད་13དང་སྐར་མ་20ཡི་ཐོག་གཞིས་རྩེ་གནམ་ཐང་ནས་འཕུར་ཏེ་ཟི་ལིང་བརྒྱུད་དེ་ཆུ་ཚོད་18དང་སྐར་མ་55ཡི་ཐོག་ཅི་ནན་གནམ་ཐང(ཞིབ་ཕྲའི་གནམ་གྲུའི་ཆ་འཕྲིན་དངོས་ལག་བསྟར་ཚད་གཞིར་འཛིན་དགོས)དུ་འབྱོར་གྱི་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།