དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རང་སྐྱོང་ལྗོངས་ཀྱི་ཐད་གཏོང་དྲ་ཚོང་འགྲན་བསྡུར་ཆེ་མོ་སྐབས་གསུམ་པའི་མཐའ་བསྡུར་དང་བྱ་དགའ་སྤྲོད་པའི་མཛད་སྒོ་གཉེར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-07-15

    ཚེས་12ཉིན། བོད་རང་སྐྱོང་ལྗོངས་ཐད་གཏོང་དྲ་ཚོང་འགྲན་བསྡུར་ཆེ་མོའི་མཐའ་བསྡུར་སྐབས་གསུམ་པ་དང་བྱ་དགའ་སྤྲོད་པའི་མཛད་སྒོ་ལྷ་སར་འཚོགས་ཤིང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲའོ་ཕེང་ཕེབས་ནས་ཨང་དང་པོར་བྱ་དགའ་སྤྲད་པ་རེད།

    སྐབས་འདིའི་འགྲན་བསྡུར་ཆེ་མོར“བོད་ཟོག་ཕྱིར་འཚོང་། ཐད་གཏོང་ཞིང་སྐྱོར་ལ་བརྟེན་ནས་བོད་ལྗོངས་དར་རྒྱས་གཏོང”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཏེ་འགྲན་བསྡུར་ལ་བརྟེན་ནས་ཤེས་ལྡན་པ་གསོ་སྐྱོང་བྱེད་པ་དང་། འགྲན་བསྡུར་ལ་བརྟེན་ནས་ཐོན་སྐྱེད་ལ་སྐུལ་འདེད་གཏོང་བ། འགྲན་བསྡུར་ལ་བརྟེན་ནས་ཚོང་ལས་དར་རྒྱས་གཏོང་བ་བཅས་མཐའ་འཁྱོངས་བྱས་པས་ས་མཐོར་གཞི་ཚུགས་པའི་རང་ས་རང་ཡུལ་གྱི་ཐད་གཏོང་དྲ་ཚོང་ཤེས་ལྡན་པ་ཁག་གཅིག་ལེགས་གྲུབ་ལྡན་པའི་ངང་སྔོག་འཚོལ་ཐུབ་པ་མ་ཟད། ས་མཐོའི་ཁྱད་ལྡན་ཐོན་རྫས་དྲ་ཐོག་ནས་ཕྱིར་འཚོང་བྱེད་པའི་ཐབས་ལམ་དེ་བས་ཡངས་སུ་ཕྱིན་ནས་བོད་ཀྱི་དྲ་ཚོང་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་གྲོང་གསེབ་ཀྱི་ཐོན་ལས་དར་རྒྱས་ལ་གྲངས་འཛིན་གྱི་སྒུལ་ནུས་ཆེན་པོ་བསྣན་ཡོད།

    འགྲན་བསྡུར་བྱེད་འགོ་ཚུཌ་ཚུན། ལྗོངས་ཡོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་བདུན་གྱི་ཐད་གཏོང་བ་120ལྷག་ཙམ་ཐོག་མའི་འགྲན་བསྡུར་ལ་ཞུགས་ཤིང་། ས་ཁུལ་དང་གྲོང་ཁྱེར་ཁག་གིས་རིམ་པ་བཞིན་འདེམས་སྒྲུག་དང་སྒྲིག་འཛུགས་ཨུ་ལྷན་གྱིས་ཞིབ་བཤེར་ནན་པོ་བྱས་པ་བརྒྱུད། ཐད་གཏོང་བ་16གཟེངས་སུ་ཐོན་ནས་ལྗོངས་ཡོངས་ཀྱི་མཐའ་བསྡུར་ལ་ཚུད་དེ་བོད་ཀྱི་དྲ་ཚོང་ཤེས་ལྡན་པའི་དབྱར་མཚོ་རྒྱས་པ་ལྟར་གྱི་གསོན་ཤུགས་དང་ཆེད་ལས་ཀྱི་བྱང་ཚད་མངོན་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།