དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • སྤྱི་གླིང་དུ་དཔེ་དེབ་ཀློག་པར་སྤྲོ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-07-15

    འདི་ནི་གྲོང་མིས་དཔེ་དེབ་འདེམས་བཞིན་པ།

    ཉེ་ཆར“ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལྷ་སའི་ཁྱིམ་ཚང་ཁྲི་སྟོང་མང་པོར་སྐྱེལ་བའི”ཟླ་རེའི་འཆད་ཁྲིད་དང“ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་105འཁོར་བར་རྟེན་འབྲེལ་ཞུ་བའི”བརྗོད་དོན་གཙོ་བོའི་སྒྲོག་འགྲེལ་བྱེད་སྒོ་རྫོང་རྒྱབ་ཀླུ་ཁང་དུ་སྤེལ་བ་རེད། བྱེད་སྒོ་སྤེལ་རིང་། རིག་རྩལ་ལེ་ཚན་ཁྲོད་ནས་དམངས་འཚོ་ལེགས་གཏོང་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པ་གསར་པ་མངོན་པར་བྱས་ཏེ་གཞི་རིམ་གྱི་སྒྲོག་འགྲེལ་པས་ཏང་གི་དམངས་ཕན་དམངས་བདེའི་སྲིད་ཇུས་བཟང་པོ་སྒྲོག་འགྲེལ་བྱས་པ་རེད། བྱེད་སྒོ་སྤེལ་ཡུལ་དུ་ད་དུང་ནས་ཀྱི་ཐོན་རྫས་དང་། ལག་ཤེས་བཟོ་རྩལ་ཐོན་རྫས། དཔེ་དེབ་སྣ་ཚོགས་བཅས་འགྲེམས་ཚོང་བྱས་པར་དེ་ཉིན་ཕྱིར་ཚོང་ཡོང་འབབ་སྒོར་ཁྲི་5.3བྱུང་བ་རེད། 

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།