བོད་ཀྱིས་བོད་ལུགས་གསོ་རིག་སྨན་བཅོས་སྒྲིག་གཞིའི་སྨན་སྦྱོར་སྤུས་ཚད་མཐོར་གཏོང་གི་ལོ་གསུམ་གྱི་བྱ་སྤྱོད་འཆར་གཞི་ལག་བསྟར་བྱེད་འགོ་ཚུགས་པ།
ཉེ་ཆར། རང་སྐྱོང་ལྗོངས་སྨན་རྫས་ལྟ་འདོམས་ཅུས་ཀྱིས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་སྨན་བཅོས་འགན་སྲུང་ཅུས་དང་མཉམ་དུ་བོད་ལུགས་གསོ་རིག་སྨན་བཅོས་སྒྲིག་གཞིའི་སྨན་སྦྱོར་སྤུས་ཚད་མཐོར་གཏོང་གི་ལོ་གསུམ་གྱི་བྱ་སྤྱོད་འཆར་གཞི་དངོས་སུ་ལག་བསྟར་བྱེད་འགོ་ཚུགས་ཏེ། ལྗོངས་ཡོངས་ཀྱི་བོད་ལུགས་གསོ་རིག་སྨན་སྦྱོར་ཚན་པར་དུས་ཡུན་ལོ་གསུམ་གྱི་གཅིག་སྡུད་འགག་སྒྲོལ་བྱས་ནས་སྨན་སྦྱོར་དོ་དམ་ཕྱོགས་ཡོངས་ནས་ཚད་ལྡན་དུ་བཏང་སྟེ་སྤུས་ཚད་བདེ་འཇགས་དོ་དམ་ཚོད་འཛིན་གྱི་ཆུ་ཚད་མཐོ་རུ་གཏོང་རྒྱུ་རེད།
ད་ཐེངས་ཀྱི་ལོ་གསུམ་གྱི་བྱ་སྤྱོད་འཆར་གཞིས་ལྟ་འདོམས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ནུས་པ་ཆེ་རུ་གཏོང་བའི་ཐབས་ལམ་ཆེན་པོ་གཉིས་མཐའ་འཁྱོངས་བྱས་ཏེ“ཁག་གཅིག་བྱས་པ་ལྔ”ལ་གཙོ་གནད་ཐོག་སྐུལ་འདེད་གཏོང་རྒྱུ་སྟེ། རྗེས་ལུས་ཀྱི་སྨན་སྦྱོར་ཁང་ཁག་གཅིག་མེད་པ་བཟོ་བ་དང་། སྨན་ནུས་ངེས་མེད་ཀྱི་སྨན་སྣ་ཁག་གཅིག་གཙང་བཤེར་བྱེད་པ། སྤུས་ལེགས་ཁྱད་ལྡན་གྱི་སྨན་སྣ་ཁག་གཅིག་ལེགས་སྒྲིག་བྱེད་པ། སྨན་སྦྱོར་ཁག་གཅིག་གི་མིང་ཚད་ལྡན་དུ་གཏོང་བ། ཞིབ་དཔྱད་ཚད་ལེན་གྱི་ནུས་པ་ཁག་གཅིག་ཆེ་རུ་གཏོང་བ་བཅས་བྱེད་རྒྱུ་རེད། དེ་དང་ཆབས་ཅིག རྒྱུན་འཛིན་གསར་གཏོད་དང་སྨན་སྦྱོར་བྱ་ཐབས་ལེགས་བཅོས་ཀྱི་སྤུས་འབྲས་ལེགས་གཉེར་གལ་ཆེ་མཉམ་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་ཚད་ལྡན་ཅན་འཛུགས་སྐྱོང་ལ་དམ་འཛིན་ནན་པོ་བྱེད་པ་དང་། སྤུས་ཚད་དོ་དམ་ཚད་ལྡན་དུ་གཏོང་བ། སྦྱོར་རྟ་ཚད་ལྡན་དུ་གཏོང་བ་བཅས་བྱས་ནས་སྨན་སྦྱོར་གྱི་སྤུས་ཚད་འགན་ལེན་ཏན་ཏིག་བྱེད་རྒྱུ་རེད།
འགག་སྒྲོལ་གྱི་ཕན་འབྲས་དངོས་འགན་ལེན་བྱ་ཆེད། རང་སྐྱོང་ལྗོངས་ཀྱིས་སྡེ་ཚན་གྱི་མཐུན་སྦྱོར་མཉམ་འགུལ་ལ་ཤུགས་སྣོན་རྒྱག་པ་དང་། མཉམ་འབྲེལ་ཞིབ་བཤེར་དང་མཉམ་འབྲེལ་ཆད་གཅོད་བསླབ་འདོམས་ལམ་སྲོལ་འཛུགས་པ། “མི་བྱེད་པ་བཞི་དང་ཐད་ཀར་གཉིས”དང་མངོན་བཤེར་ལྐོག་ཞིབ་སོགས་ཀྱི་བྱ་ཐབས་སྤྱད་དེ་ལྟ་སྐུལ་མཛུབ་ཁྲིད་ནན་པོ་བྱེད་པ་དང་ཆབས་ཅིག རྩ་ལག་མཉམ་བཅོས་མཐའ་འཁྱོངས་ཀྱིས་དབང་འགན་ཁ་གསལ་དང་། ལྟ་སྐུལ་དོ་དམ་ནན་པོ། དོ་དམ་ཚད་ལྡན། སྤུས་ཚད་འགན་ལེན། རྒྱུན་འཛིན་གོ་རིམ་ལྡན་པ་བཅས་ཀྱི་ཕུགས་ཕན་དོ་དམ་མ་ལག་བསྐྲུན་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།