མཚོ་སྔོན་ཚ་རྔ་འགག་གི་ཉ་སན་ཝུན་ཏི་པའེ་ཡི་ཁྲོམ་རར་ཐེངས་དང་པོ་བཏོན་པ།
མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་7ཚེས་7ཉིན་ཏུན་10ཡོད་པའི་མཚོ་སྔོན་ཚ་རྔ་འགག་གི་སྤུས་ལེགས་ཉ་སན་ཝུན་ཨ་རབ་ཚོ་དཔོན་རྒྱལ་ཁབ་ཀྱི་ཏི་པའེ་རུ་འབྱོར་བ་རེད། དེ་ནི་མཚོ་སྔོན་ཚ་རྔ་འགག་གི་ཉ་སན་ཝུན་ཏི་པའེ་ཡི་ཁྲོམ་རར་ཐད་ཀར་འདོན་ཐེངས་དང་པོ་ཡིན་པ་དེས་འཛམ་གླིང་དབུས་ཤར་གྱི་ལྟེ་བའི་རྩེར་སོན་ཁྲོམ་རར་མཚོ་སྔོན་གྱི་ཉ་སན་ཝུན་གྱི་ཐོན་ལས་ཁྱབ་སྤེལ་བཏང་ནས་མཚོ་ཁུག་རྒྱལ་ཁབ་ལ་ཕྱོགས་པའི་ཚོང་དོན་གྱི་ཐབས་ལམ་གསར་པ་བཏོད་པ་རེད།
ཐུན་མོང་མ་ཡིན་པའི་ས་བབ་མཐོ་བ་དང་། དྭངས་གཙང་འཁྱགས་རོམ་བཞུར་བའི་ཆུ་འགོ ཆུ་གྲང་མོ་བརྟན་དུ་འབབ་པ་སོགས་ཀྱི་རང་བྱུང་སྐྱེ་ཁམས་ཀྱི་ལེགས་ཆར་བརྟེན་ནས་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཡི་ཚ་རྔ་འགག་རྒྱལ་ནང་གི་གཞི་ཁྱོན་ཅན་དང་ཚད་ལྡན་ཅན་གྱི་ཉ་སན་ཝུན་གྱི་ཐོན་ལས་རྟེན་གཞིར་བསྐྲུན་ནས་རང་རྒྱལ་ནས་ཐོན་པའི་རྩེར་སོན་རྗེན་ཟས་རིམ་པའི་ཉ་སན་ཝུན་ཐོན་ཁུལ་གཙོ་བོ་ཡིན་པ་དང་ལོར་ཐོན་འབབ་ཏུན་ཁྲི་1.5ཟིན་གྱི་ཡོད། ལོ་མང་རིང་ཚ་རྔ་འགག་གི་ཉ་སན་ཝུན་གོ་ལ་ཧྲིལ་པོའི་རྒྱལ་ཁབ་དང་ས་ཁུལ་20ཙམ་ལ་བཙོངས་པ་དང་ཉ་སྤུས་ལེགས་པ་དང་འཐུས་སྒོ་ཚང་བའི་སྤུས་ཚད་མ་ལག་ལ་བརྟེན་ནས་རྒྱལ་སྤྱིའི་ཁྲོམ་ར་ནས་དགའ་བསུ་ཆེན་པོ་ཐོབ་ཡོད།
འབྲེལ་ཡོད་གསར་འགྱུར།