2026ལོའི་རྒྱལ་ཡོངས་ལྕགས་ལམ་སྡེ་ཚན་གྱིས་དབྱར་གསེང་སྐྱེལ་འདྲེན་བྱེད་འགོ་ཚུགས་པ།
ཉིན་62རིང་གི་2026ལོའི་རྒྱལ་ཡོངས་ལྕགས་ལམ་སྡེ་ཚན་གྱིས་དབྱར་གསེང་སྐྱེལ་འདྲེན་བྱེད་འགོ་ཚུགས་ཤིང་། ཟླ་7ཚེས་1ཉིན་ནས་ཟླ་8ཚེས་31ཉིན་བར། རྒྱལ་ཡོངས་ཀྱི་ལྕགས་ལམ་སྡེ་ཚན་གྱིས་སྔོན་དཔག་ལྟར་ན་འགྲུལ་པ་མི་ཐེངས་དུང་ཕྱུར་10.1སྐྱེལ་འདྲེན་བྱ་རྒྱུ་དང་ཉིན་རེར་ཆ་སྙོམས་འགྲུལ་པ་མི་ཐེངས་ཁྲི་1629སྐྱེལ་འདྲེན་བྱ་རྒྱུ་རེད། ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་ཚོགས་པ་ཚད་ཡོད་ཀུང་སིས་ཕ་མ་བུ་ཕྲུག་གི་ཡུལ་སྐོར་དང་། ཞིབ་སྦྱོང་། གསར་བརྗེའི་ཡུལ་སྐོར། ལུས་གསོའི་ཡུལ་སྐོར་སོགས་རང་རང་སོ་སོའི་ཁྱད་ཆོས་ལྡན་པའི་ཡུལ་སྐོར་མེ་འཁོར་བཀོད་སྒྲིག་བྱས་པ་རེད།
ཕ་མ་བུ་ཕྲུག་གི་དགོས་མཁོ་དང་འཚམ་ཆེད། ལྕགས་ལམ་སྡེ་ཚན་གྱིས་ཉེ་ཆར་བྱེད་ཐབས་གསར་པ་བཏོན་པ་དང་བྱིས་པ་འགྲུལ་པས(ལོ་ན་6ནས་ལོ་ན་14བར)ཀྱང་ལྕགས་ལམ་ཡུལ་སྐོར་ཐད་བྱིས་པའི་གཟིགས་སྐྱོང་སྤ་སེའི་སྲིད་ཇུས་ཀྱང་ལོངས་སུ་སྤྱོད་ཆོག་གི་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།