དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཐོན་སྐྱེད་ཨུ་ལྷན་གྱིས་ཧྥུའུ་ཅན་ཆོན་ཀྲོའུ་ཡི“7·9”མེ་སྐྱོན་ཚབས་ཆེན་ཞིབ་བཤེར་ཐག་གཅོད་བྱེད་པར་མིང་སྦྱར་ལྟ་སྐུལ་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2026-07-14

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་11ཉིན་གློག་འཕྲིན་འབྱོར་གསལ། ཟླ་7ཚེས་9ཉིན། ཧྥུའུ་ཅན་ཞིང་ཆེན་ཆོན་ཀྲོའུ་གྲོང་ཁྱེར་ཅིན་ཅང་གྲོང་ཁྱེར་ཁྲེན་ཏའེ་གྲོང་རྡལ་གྱི་ལྷམ་བཟོ་གྲྭ་ཞིག་ཏུ་མེ་སྐྱོན་ཚབས་ཆེན་ཐོན་ནས་མི་28རྐྱེན་ལམ་དུ་ཤོར་བ་རེད། རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཐོན་སྐྱེད་ཨུ་ལྷན་གྱིས་མེ་སྐྱོན་ཚབས་ཆེན་དེར་ཞིབ་བཤེར་ཐག་གཅོད་བྱེད་པར་མིང་སྦྱར་ལྟ་སྐུལ་བྱ་རྒྱུའི་གཏན་འབེབས་བྱས་ཐོག རྒྱལ་ཁབ་མེ་གསོད་རོགས་སྐྱོབ་ཅུས་ཀྱིས་སྣེ་ཁྲིད་པའི་ཡུལ་དངོས་ཀྱི་སྒྲུབ་སྐུལ་ཚོགས་ཆུང་མངགས་ནས་ཧྥུའུ་ཅན་ཞིང་ཆེན་གྱིས་བརྟག་དཔྱད་ཐག་གཅོད་ཀྱི་ལས་དོན་སྤེལ་བར་ལྟ་སྐུལ་མཛུབ་ཁྲིད་བྱས་པ་དང་ཆབས་ཅིག ཧྥུའུ་ཅན་ཞིང་ཆེན་ལ་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་དང་སྒྲིག་སྲོལ་གཏན་འབེབས་གཞིར་བཟུང་བརྟག་དཔྱད་ལས་དོན་གང་མགྱོགས་སྤེལ་ནས་མེ་སྐྱོན་ཐོན་པའི་རྒྱུ་རྐྱེན་དང་དོ་དམ་གྱི་རྒྱུ་རྐྱེན་རྩད་གཅོད་གསལ་པོ་བྱེད་པ་དང་། མེ་སྐྱོན་གྱི་ངོ་བོ་གཏན་འཁེལ་གནད་སྨིན་བྱེད་པ། འགན་འཁྲི་རྩད་གཅོད་ཡག་པོ་བཅས་བྱས་ཐོག་ཐག་གཅོད་བསམ་འཆར་དང་དག་ཐེར་བྱེད་ཐབས་འདོན་རྒྱུའི་བླང་བྱ་བཏོན་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།