འགན་འཁྲི་ཕྲག་ཏུ་ཁུར། ཀུན་སེམས་གཅིག་ཏུ་སྒྲིལ།
དྲག་ཆར་དང་ཆུ་ལོག་ཁྲོད་དམ་ཚིག་གཅིག་གིས་མི་རྣམས་ལ་སྟོབས་ཤུགས་ཆེན་པོ་སྦྱིན་ཡོད།
“ང་རང་ཏང་ཡོན་ཡིན་པས་ངས་སྔོན་ལ་ཕྱིན་ཆོག”
ཅེས་པའི་སྐད་ཆ་ཚིག་གཅིག་གིས་རི་ཉིལ་བའི་ལུང་ཤུར་དང་། ཆུ་འཁྱིལ་ནང་གདོང་མཆོང་རོགས་སྐྱོབ། འདམ་གཤོངས་ཉེན་སེལ་བཅས་ཀྱི་འཐབ་ས་དང་པོའི་གནོད་འཚེ་ཕོག་པའི་མང་ཚོགས་སེམས་རྣལ་དུ་འབེབས་པ་དང་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་ཐུབ་པ་བྱུང་ཡོད།
དཔའ་ངར་ཆེར་སྐྱེད་ཀྱི་བློ་སྟོབས་ནས་གླུ་སྒྲའི་ཁྲོད་ཀྱི་གུས་འདུད་བར། ས་གནས་མང་པོའི་ཏང་ཡོན་ལས་བྱེད་པས་བསྟུད་མར་འབད་འཐབ་བྱེད་པའི་བརྟན་སྲུང་དང་འགན་འཁྲིར་བདེན་དཔང་བྱས་ཡོད། ཉིན་མཚན་དབྱེར་མེད་ངང་ཆུ་རགས་ལ་སྐོར་ཞིབ་དང་། བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར། ཆར་རླུང་ལ་མ་འཛེམས་པར་གནོད་འཚེ་ཕོག་པའི་མང་ཚོགས་ལ་ཁ་ལག་སྐྱེལ་བ། སྒྲིག་ཆས་མྱུར་བཟོ་དང་འཁྱིལ་ཆུ་གཤོང་བ། ཐོན་སྐྱེད་སླར་གསོ་དང་གེགས་རྗེས་བསྐྱར་སྐྲུན་ལ་གཞོལ་བ་སོགས། ཉེན་ཁའི་མདུན་དུ་ཕྱིར་བཤོལ་གཏན་ནས་མི་བྱེད་པ་དང་འགག་རྩའི་དུས་སུ་དོན་ཕོད་པ་ལས“དྲག་ཆར་རླུང་འཚུབ་ཀྱི་འཇབ་རྒོལ་ཁྲོད་ཀྲུང་གོ་མི་དམངས་ཀྱི་བློས་འཁེལ་ཤོས་ཀྱི་རྟེན་ས”སུ་ཞིག་ཡིན་མིན་གང་ལེགས་མངོན་པར་བྱས་ཡོད།
མང་ཚོགས་ཀྱི་དགོས་མཁོ་ཡོད་སར་ཏང་ཡོན་ཡོད་པ་དང་། ཉེན་ཁ་ཡོད་སར་ཏང་དར་ལྷབ་ལྷུབ་ཏུ་གཡོ་བཞིན་ཡོད། ཆར་རླུང་དྲག་པོས་ཀུན་སེམས་གཅིག་སྒྲིལ་གྱི་སྟོབས་ཤུགས་ཆེན་པོ་ཁ་ཐོར་དུ་གཏོང་མི་ཐུབ་པ་དང་དམངས་སེམས་གཅིག་མཐུན་གྱི་འགོག་སྲུང་འཛིང་རགས་གཏོར་མི་ཐུབ། ཏང་ཡོན་དང་མང་ཚོགས་ཁྲི་སྟོང་མང་པོས་ཕྱར་བ་གྲུ་འདེགས་བྱས་ཚེ་ང་ཚོ་འབྲུབ་འགོག་གེགས་སེལ་གྱི་དམག་འཐབ་དྲག་པོ་འདི་ལས་རྣམ་པར་རྒྱལ་ངེས་རེད།
འབྲེལ་ཡོད་གསར་འགྱུར།