དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཟླ་དང་པོ་ནས་ལྔ་པའི་བར་རྒྱལ་ཡོངས་སུ་ཞིང་ལས་འགན་བཅོལ་གྱི་གུན་གསབ་དངུལ་སྒོར་དུང་ཕྱུར་370སྤྲད་པ།

    ​འབྲུ་རིགས་ལོ་ཏོག་ལ་འགན་བཅོལ་གྱི་གུན་གསབ་དངུལ་སྒོར་དུང་ཕྱུར་60.47སྤྲད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-07-14

    གསར་འགོད་པར་དངུལ་རྩ་ལྟ་འདོམས་སྤྱི་ཁྱབ་ཅུས་ནས་ཤེས་རྟོགས་བྱུང་བར། དབྱར་འབྲུ་གཅིག་སྡུད་བརྔ་བསྡུ་བྱེད་རིང་། དྲག་ཆར་དང་ནད་འབུའི་གནོད་འཚེ་སོགས་ཀྱི་ཤུགས་རྐྱེན་ངན་པ་ཐེབས་ནས་ས་གནས་ཁག་གཅིག་ལ་གནོད་འཚེ་ཚབས་ཆེན་ཕོག་ཡོད། དངུལ་རྩ་ལྟ་འདོམས་སྤྱི་ཁྱབ་ཅུས་ཁོངས་གཏོགས་ཀྱིས་འགན་བཅོལ་ལས་རིགས་ཀྱིས་ཞིང་ལས་འགན་བཅོལ་གྱི་གུན་གསབ་དངུལ་སྤྲོད་ཤུགས་ཆེ་རུ་གཏོང་བར་སྐུལ་འདེད་ཧུར་ཐག་བཏང་སྟེ། ཞིང་ལས་ཐོན་སྐྱེད་ཀྱི་གྱོང་གུན་ཆུང་དུ་གཏོང་གང་ཐུབ་བྱས་ནས་ཞིང་པའི་ཡོང་འབབ་བརྟན་པོ་ཡོང་བར་བྱས་པ་རེད།

    ད་ལོའི་ཟླ་དང་པོ་ནས་ལྔ་པའི་བར། རྒྱལ་ཡོངས་སུ་ཞིང་ལས་འགན་བཅོལ་གྱི་གུན་གསབ་དངུལ་སྒོར་དུང་ཕྱུར་370སྤྲད་པར་ཞིང་དུད་ཁྲི་1209ལ་ཕན་པ་ཐོབ་ཡོད། འབྲུ་རིགས་ལོ་ཏོག་ལ་འགན་བཅོལ་གྱི་གུན་གསབ་དངུལ་སྒོར་དུང་ཕྱུར་60.47སྤྲད་པར་ཞིང་དུད་ཐེམ་གྲངས་ཁྲི་546.31ལ་ཕན་པ་ཐོབ་པ་དང་། དེའི་ནང་གྲོའི་གུན་གསབ་དངུལ་སྒོར་དུང་ཕྱུར་30.93སྤྲད་པར་ཞིང་དུད་ཐེམ་གྲངས་ཁྲི་343.42ལ་ཕན་པ་ཐོབ་ཡོད། ཞིང་ལས་འགན་བཅོལ་གྱི་གུན་གསབ་དངུལ་གྱིས་གནོད་འཚེ་ཕོག་པའི་ཞིང་དུད་ཀྱི་ཐོན་སྐྱེད་བསྐྱར་མ་སླར་གསོ་ཐུབ་པར་ནུས་པ་གལ་ཆེན་ཐོན་ཡོད་པ་རེད།


    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།