ཐོན་ཁུངས་བཟང་ན་ཕྱུག་འགྱུར་ལམ་བུ་ཡངས།

འདི་ནི་ཟླ་7ཚེས་10ཉིན་པར་བརྒྱབ་པའི་ཧྲུའེ་ཧྲེ་གྲོང་རྡལ་གྱི་སྒར་སྡོད་རྟེན་གཞི་ཡིན་པ།
ཉེ་བའི་ལོ་ཤས་རིང་། ཁྲུང་ཆིང་གྲོང་ཁྱེར་ཆན་ཅང་ཆུས་ཀྱིས་ཐོན་ཁུངས་བསྡུ་སྒྲིལ་བྱས་ཏེ་ཧྲུའེ་ཧྲེ་གྲོང་རྡལ་དུ་སྒར་སྡོད་རྟེན་གཞི་དང་མཁའ་དབྱིངས་ཀྱི་རྟ་རྒྱུག་ཐང་སོགས་ཁྱད་ལྡན་ཡུལ་སྐོར་རྣམ་གྲངས་སྔ་རྗེས་སུ་བཏོད་པ་དང་སྦྲགས། དམངས་སྲོལ་གནས་ཚང་དང་ཞིང་པའི་སྤྲོ་སྐྱིད་ཁང་30ལྷག་ཙམ་བཙུགས་པ་རེད། 2025ལོར་གྲོང་རྡལ་ཡོངས་ཀྱིས་ཡུལ་སྐོར་བ་མི་ཐེངས་ཁྲི་30ཙམ་ལ་སྣེ་ལེན་ཞུས་པར་ཡུལ་སྐོར་གྱི་ཕྱོགས་བསྡུས་ཡོང་འབབ་སྒོར་ཁྲི་2700བྱུང་ནས། རི་མཐོའི“བསིལ་ལྡན་ཐོན་ཁུངས”དེ་ཡུལ་མིའི་འབབ་འཕར་ལ་སྐུལ་ཁྲིད་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ལ་སྐུལ་འདེད་གཏོང་བའི“དཔལ་འབྱོར་འཁྲུག་པོ”ཞིག་ཏུ་འགྱུར་བཞིན་ཡོད།
འབྲེལ་ཡོད་གསར་འགྱུར།