དབུ་ཤོག
  • རིན་མེད་གསོ་སྦྱོང་འཛིན་གྲྭ་ཞིག་འདུག མགྱོགས་པོ་ཐོ་འགོད་གནང་།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2026-07-13

    བོད་ཀྱི་གཞོན་ནུ་ལོ་ཆུང་གི་ལག་ལེན་རྨང་གཞིའི་རྟེན་གཞིའི་2026ལོའི་དབྱར་གསེང་གི་སྤྱི་ཕན་སློབ་ཚན་ལ་སློབ་མ་བསྡུ་རྒྱུ་ཡིན་པ་དང་། སློབ་ཡོན་སྤྲོད་མི་དགོས་ལ་ཆེད་ལས་དགེ་རྒན་གྱིས་སློབ་ཚན་ཁྲིད་ཀྱི་ཡོད།

    གཅིག གསོ་སྦྱོང་གི་དུས་ཚོད།

    2026ལོའི་ཟླ་7ཚེས་25ཉིན་ནས་ཟླ་8ཚེས་3ཉིན་བར། (དུས་ཡུན་ཉིན་10ཡིན)

    གཉིས། སློབ་ཚན་འཚོག་ས།

    གཞོན་ནུ་ལོ་ཆུང་གི་ཕོ་བྲང(ཁྲེང་ཀོན་ཆུས་སྤོ་བོ་གླིང་ཁ་ལམ)

    ལྗོངས་གཞོན་ནུ་ལོ་ཆུང་བྱེད་སྒོའི་ལྟེ་གནས།(སྣེའུ་ཁུལ་གསར་ཚ་རྒུར་ལམ་ཆེན)

    གསུམ། སློབ་བསྡུའི་ཁྱབ་ཁོངས།

    ལྗོངས་ཡོངས་ཀྱི་ལོ་6ནས་15བར་གྱི་གཟུགས་གཞི་བདེ་ཐང་གི་གཞོན་ནུ་ལོ་ཆུང་།(འཛིན་གྲྭ་ཁག་ལ་ལོའི་ཚད་བཀག་ཡོད)

    བཞི། སློབ་ཚན་དང་མི་གྲངས།

    ལུས་རྩལ་སློབ་ཚན།

    ལན་ཆིའུ་སྤོ་ལོའི་འཛིན་གྲྭ་2ཡོད་པར་འཛིན་གྲྭ་རེར་མི་12བསྡུ་རྒྱུ།

    (ལོ་7ནས་15བར་ཡིན)

    རྐང་རྩེད་སྤོ་ལོའི་འཛིན་གྲྭ་1ཡོད་པར་འཛིན་གྲྭ་རེར་མི་25བསྡུ་རྒྱུ།

    (ལོ་7ནས་13བར་ཡིན)

    ཆུ་རྐྱལ་འཛིན་གྲྭ་1ཡོད་པར་འཛིན་གྲྭ་རེར་མི་20བསྡུ་རྒྱུ།

    (ལོ་10ནས་15བར་ཡིན)

    ཡིག་གཟུགས་སློབ་ཚན།

    ཚུགས་རིང་འཛིན་གྲྭ་1ཡོད་པར་འཛིན་གྲྭ་རེར་མི་20བསྡུ་རྒྱུ།

    (ལོ་6ནས་8བར་ཡིན)

    རྒྱ་ཡིག་ཁའེ་ཧྲུའུ་ཡིག་གཟུགས་འཛིན་གྲྭ་1ཡོད་པར་འཛིན་གྲྭ་རེར་མི་20བསྡུ་རྒྱུ།

    (ལོ་8ནས་13བར་ཡིན)

    ལྔ། མིང་ཐོ་འགོད་སྐབས་ཤེས་དགོས་པའི་དོན་ཚན།

    1.སྤྱི་ཕན་ཀུན་ཕན་དང་དྲང་གཞག་ལེགས་འདེམས་ཀྱིས་དམིགས་བསལ་དང་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་བུ་ཕྲུག་སྔོན་ལ་བསྡུ་རྒྱུ།

    2.རྩ་གཉིས་ཨང་རྟགས་བཤེར་ནས་མིང་ཐོ་འགོད་དགོས་པ་དང་། མིང་ཐོ་སྔོན་ལ་བཀོད་ཚེ་སྔོན་ལ་རག་རྒྱུ།

    3.སློབ་ཚན་ཚང་མར་སློབ་ཡོན་དགོས་ཀྱི་མེད། སློབ་མ་སོ་སོར་མཁོ་བའི་ཡོ་ཆས(ལན་ཆིའུ་སྤོ་ལོ་དང་། ཡིག་གཟུགས་ཡོ་ཆས། ཆུ་རྐྱལ་གྱི་ཡོ་ཆས)སོགས་ཁྱིམ་བདག་ནས་གྲ་སྒྲིག་བྱེད་དགོས།

    4.ཁྱིམ་བདག་གིས་ཕྲུ་གུར་ཉིན་10ཡི་བསམ་འདས་འགན་བཅོལ་ཉོ་དགོས།

    བློ་འདྲིའི་ཁ་པར། 0891-6112320

    རྒན་གཡང་ལགས། 18889095556

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།