དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྒྱལ་ཡོངས་ཀྱི་དབྱར་འབྲུའི་ཐོན་འབབ་རྒྱ་མ་དུང་ཕྱུར་3000ལས་ཐོག་མར་བརྒལ་བ།

    ལོ་གོང་མ་ལས་0.7%འཕར་བ་དང་དབྱར་འབྲུ་ཐོན་ཁུལ་22ལ་ཐོན་འཕར་བྱུང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-07-13

    འདི་ནི་ཀན་སུའུ་ཞིང་ཆེན་ཕིང་ལེང་གྲོང་ཁྱེར་ཅིང་ཉིང་རྫོང་ཝུའེ་རུང་གྲོང་རྡལ་དབྱང་དབན་གྲོང་ཚོར་ཁ་ལོ་བས་ཞིང་འཕྲུལ་བཏང་ནས་གྲོ་བརྔ་བསྡུ་བྱེད་བཞིན་པ།

    ཟླ་7ཚེས་10ཉིན། རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་དབྱར་འབྲུའི་ཐོན་སྐྱེད་གནས་ཚུལ་ཡོངས་བསྒྲགས་བྱས་པ་སྟེ། 2026ལོར་རྒྱལ་ཡོངས་ཀྱི་དབྱར་འབྲུའི་འདེབས་ཁྱོན་སྤྱིར་ན་བརྟན་པ་དང་། མུའུ་རེའི་ཐོན་འབབ་བརྟན་འཕར་བྱུང་བ། དབྱར་འབྲུའི་ཐོན་འབབ་རྒྱ་མ་དུང་ཕྱུར་3014.9ཟིན་ནས་རྒྱ་མ་དུང་ཕྱུར་3000ལས་ཐོག་མར་བརྒལ་བ་དེ་ལོ་གོང་མ་ལས་རྒྱ་མ་དུང་ཕྱུར་20.0འཕར་བ་དང་འཕར་ཚད་0.7%ཟིན་ཡོད། འབྲུ་སྣ་མི་འདྲ་བ་ནས་བལྟས་ཚེ། གྲོའི་ཐོན་འབབ་རྒྱ་མ་དུང་ཕྱུར་2779.0ཟིན་ནས་རྒྱ་མ་དུང་ཕྱུར་15.7འཕར་བ་དང་འཕར་ཚད་0.6%ཟིན་ཡོད། ས་ཁུལ་དབྱེ་ནས་བལྟས་ཚེ། དབྱར་འབྲུའི་ཐོན་ཁུལ་25ཡི་ཁྲོད་ཁུལ་22ལ་ཐོན་འཕར་བྱུང་ཡོད། སྤྱི་ཡོངས་ནས་བལྟས་ཚེ། རྨ་ཆུ་དང་། ཧོའེ་ཧོ་ཆུ་བོ། ཧའེ་ཧོ་ཆུ་བོ་བཅས་རྒྱུག་ཁུལ་དུ་གཞི་ཁྱོན་ཆེ་བའི་ཁར་དགུན་གྲོ་འདེབས་ཕྱི་བ་དང་ས་ཁུལ་ཁག་གཅིག་ཏུ་ཆར་པ་ཆེན་པོ་བབས་པ་སོགས་ཀྱི་ཤུགས་རྐྱེན་ངན་པ་ཁྱད་དུ་བསད་པ་ལས་རྒྱལ་ཡོངས་ཀྱི་དབྱར་འབྲུར་ལོ་ལེགས་བྱུང་ཡོད་པ་རེད།

    རྒྱལ་ཁབ་ཀྱིས་རིན་གོང་དང་། ཁ་གསབ། འགན་བཅོལ་སོགས་སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་པ་དང་། ས་གནས་ཁག་དང་སྡེ་ཚན་ཁག་གིས་ཐོན་སྐྱེད་ཀྱི་འགན་འཁྲི་ནན་དུ་ཏན་ཏིག་བཏང་སྟེ། དགུན་གྲོ་འདེབས་དགོས་རིགས་སུ་དགུན་གྲོ་འདེབས་ཐུབ་པར་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་པས། དབྱར་འབྲུའི་འདེབས་ཁྱོན་སྤྱིར་ན་བརྟན་པོ་བྱུང་ཡོད། 2026ལོར་རྒྱལ་ཡོངས་ཀྱི་དབྱར་འབྲུའི་འདེབས་ཁྱོན་མུའུ་དུང་ཕྱུར་3.98ཟིན་པ་དེ་ལོ་གོང་མ་ལས་མུའུ་ཁྲི་69.0ཉུང་དུ་ཕྱིན་པ་དང་ཆག་ཚད་0.2%ཟིན་ནས་སྤྱིར་ན་བརྟན་པོ་རྒྱུན་འཁྱོངས་ཐུབ་ཡོད་པ་རེད། འབྲུ་སྣ་མི་འདྲ་བ་ནས་བལྟས་ཚེ།

    གྲོ་འདེབས་ཁྱོན་མུའུ་དུང་ཕྱུར་3.45ཟིན་ནས་མུའུ་ཁྲི་99.8ཉུང་དུ་ཕྱིན་པ་དང་ཆག་ཚད་0.3%ཟིན་ཡོད། དེའི་ནང་དགུན་གྲོ་འདེབས་ཁྱོན་མུའུ་དུང་ཕྱུར་3.38ཟིན་ནས་མུའུ་ཁྲི་32.5ཉུང་དུ་ཕྱིན་པ་དང་ཆག་ཚད་0.1%ཟིན་ཡོད། ས་ཁུལ་དབྱེ་ནས་བལྟས་ཚེ། དབྱར་འབྲུ་ཐོན་ཁུལ་གྱི་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)25ཡི་ཁྲོད་ནས་19རུ་འདེབས་ཁྱོན་མང་དུ་ཕྱིན་ཞིང་། དེའི་ནང་ཨན་ཧུའེ་དང་། སི་ཁྲོན། ཧོ་པེ་བཅས་སུ་མུའུ་ཁྲི་21.1དང་། མུའུ་ཁྲི་13.7 མུའུ་ཁྲི་11.3བཅས་སོ་སོར་མང་དུ་ཕྱིན་ཡོད་པ་རེད།

    གནམ་གཤིས་སྤྱིར་ན་ཡག་པོ་ཡོད་པ་དང་། ལྗང་པ་སྐྱེ་འཚར་ལེགས་པ་དང་། ཆར་པ་བབས་པའི་ཤུགས་རྐྱེན་སྤྱིའི་ཆ་ནས་ཚོད་འཛིན་ཐུབ་པ་སོགས་ཀྱི་མཐུན་རྐྱེན་འོག་དབྱར་འབྲུའི་མུའུ་རེའི་ཐོན་འབབ་བརྟན་པོའི་ངང་འཕར་ཡོད། 2026ལོར་རྒྱལ་ཡོངས་ཀྱི་དབྱར་འབྲུའི་མུའུ་རེའི་ཐོན་འབབ་སྤྱི་རྒྱ་378.8བྱུང་པ་དེ་ལོ་གོང་མ་ལས་སྤྱི་རྒྱ་3.2འཕར་བ་དང་འཕར་ཚད་0.8%ཟིན་ཡོད་པ་རེད། འབྲུ་རིགས་ཀྱི་སྣ་ཁ་དབྱེ་ནས་བལྟས་ཚེ། གྲོ་མུའུ་རེ་ནས་ཐོན་འབབ་སྤྱི་རྒྱ་402.6བྱུང་ནས་སྤྱི་རྒྱ་3.4འཕར་བ་དང་འཕར་ཚད་0.9%ཟིན་ཡོད། ས་ཁུལ་དབྱེ་བལྟས་ཚེ། ཧྲའན་ཤིས་དང་། ཅང་སུའུ། ཧོ་ནན་བཅས་ལ་ན་ནིང་ཐན་སྐྱོན་བྱུང་ནས་མུའུ་རེའི་ཐོན་འབབ་ཅུང་ཆག་རུང་། འདི་ལོ་སླར་གསོ་རང་བཞིན་གྱི་ཐོན་འཕར་བྱུང་ནས་མུའུ་རེའི་ཐོན་འབབ་སྤྱི་རྒྱ་14.2དང་། སྤྱི་རྒྱ་5.8 སྤྱི་རྒྱ་3.0བཅས་སོ་སོར་འཕར་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།