སྡེ་ཚན་བཞིས་བསམ་འཆར་བཀྲམ་པ།
“མི་ཐབས་རིག་ནུས་+མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང”གི་ཉེར་སྤྱོད་འཕེལ་རྒྱས་ལ་སྐུལ་འདེད་གང་མགྱོགས་གཏོང་དགོས།
ཉེ་ཆར། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་དང་། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན། བཟོ་ལས་དང་ཆ་འཕྲིན་ཅན་པུའུ། རྒྱལ་ཁབ་གྲངས་གཞི་ཅུས་བཅས་ཀྱིས་མཉམ་དུ《“མི་ཐབས་རིག་ནུས་+མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང”གི་ཉེར་སྤྱོད་འཕེལ་རྒྱས་ལ་སྐུལ་འདེད་གང་མགྱོགས་གཏོང་དགོས་པའི་སྐོར་གྱི་ལག་བསྟར་བསམ་འཆར》བཀྲམ་ཞིང་། དེའི་དམིགས་ཡུལ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི《“མི་ཐབས་རིག་ནུས་+”ཀྱི་བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱེད་དགོས་པའི་སྐོར་གྱི་བསམ་འཆར》 དོན་འཁྱོལ་བྱས་ཏེ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ལས་རིགས་ཀྱི་ཁྱབ་ཁོངས་སུ་མི་ཐབས་རིག་ནུས་ཉེར་སྤྱོད་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གང་མགྱོགས་བཏང་ནས། མི་སྤྱིའི་བྱ་གཞག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་གང་ལེགས་བྱ་ཆེད་རེད།
བསམ་འཆར་ནང་ལོ་5ཡི་རིང་གི་འཛུགས་སྐྲུན་དམིགས་ཚད་བཏོན་པ་སྟེ། 2026ལོར“མི་ཐབས་རིག་ནུས་+མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང”ཉེར་སྤྱོད་ཀྱི་རྨང་གཞིའི་སྒྲིག་བཀོད་བསྐྲུན་ཏེ། ལས་རིགས་ཀྱི་དཔེ་དབྱིབས་ཆེ་གྲས་འཛུགས་སྐྲུན་ལ་གཞིགས་པའི་ཉེར་སྤྱོད་རྣམ་པ་20ཙམ་དང་དེ་མཚུངས་ཀྱི་སྤུས་ཚད་མཐོ་བའི་གྲངས་གཞིའི་ཚོགས་སྤྱི་གཏོད་རྒྱུ་དང་། 2027ལོར་མི་སྤྱི་ལས་རིགས་ཀྱི་དཔེ་དབྱིབས་ཆེ་གྲས་དང་རིག་ནུས་སྐྱེ་མཆེད་ཁག་གཅིག་ཁྱབ་གདལ་དང་ཉེར་སྤྱོད་བྱས་ནས་རིན་ཐང་མཐོ་བའི་ཉེར་སྤྱོད་ཁོར་ཡུག་གིས་མཐུན་རྐྱེན་སྦྱོར་བའི་ཐབས་ལམ་50ཡས་མས་འཚོལ་ཞིབ་བྱ་རྒྱུ། 2030ལོར་མི་སྤྱི་ལས་རིགས་ཁྱབ་ཁོངས་སུ་མི་ཐབས་རིག་ནུས་ཡོངས་ཁྱབ་ངང་ཉེར་སྤྱོད་བྱེད་པའི་རྣམ་པ་གསར་པ་ཞིག་ཆགས་པ་བཅས་བྱ་རྒྱུ་རེད།
བསམ་འཆར་ནང་། ཕྱོགས་དྲུག་ཐད་ནས་མི་སྤྱིའི་མི་བཟོས་རིག་ནུས་ཀྱི་རྣམ་པ་གལ་ཆེན་གཏོད་དགོས་པ་བཏོན་ཡོད་ཅིང་། དེའི་ནང་གྲངས་རིག་ལས་ཞུགས་འཕེལ་རྒྱས་བཏང་ནས་ལས་ཞུགས་ཞབས་ཞུ་དོ་དམ་གྱི་རྣམ་པ་གསར་པ་གཏོད་རྒྱུ་དང་། རིག་ལྡན་སྤྱི་ཚོགས་འགན་བཅོལ་བྱེད་ཟབ་ཏུ་བཏང་ནས་དོ་དམ་དང་ཞབས་ཞུའི་ནུས་པར་མཐོར་འདེགས་གསར་པ་ཡོང་བར་སྐུལ་འདེད་གཏོང་རྒྱུ། ཤེས་ལྡན་པ་གསོ་སྐྱོང་དང་བཀོལ་སྤྱོད་གནད་སྨིན་ཐུབ་པར་ཤུགས་སྣོན་བརྒྱབ་ནས་ཤེས་ལྡན་པའི་རིག་ནུས་མཁོ་སྤྲོད་ཀྱི་ལམ་སྲོལ་གསར་པ་འཛུགས་རྒྱུ། རིག་ལྡན་ངལ་རྩོལ་གྱི་འབྲེལ་བ་ཟབ་ཏུ་བཏང་ནས་རིག་ནུས་ཅན་གྱི་ངལ་རྩོལ་ཁེ་དབང་འགན་སྲུང་གི་རྣམ་པ་གསར་པ་གཏོད་རྒྱུ། རིག་ལྡན་མི་ཤུགས་ཐོན་ཁུངས་ཀྱི་ཞབས་ཞུ་གསར་པ་བཏོད་ནས་མི་ཤུགས་ཐོན་ཁུངས་ཞབས་ཞུའི་ཁོར་ཡུག་གསར་པ་ཆགས་པ་བྱེད་རྒྱུ། མི་སྤྱིའི་རིག་ལྡན་བཅོས་སྐྱོང་གི་རྣམ་པ་བཏོད་ནས་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་འགྱུར་བར་སྐུལ་འདེད་གཏོང་རྒྱུ་བཅས་རེད།
འབྲེལ་ཡོད་གསར་འགྱུར།