《ནུས་རྒྱུའི་ཁྱབ་ཁོངས་ཀྱི་ནུས་རྒྱུ་གྲོན་ཆུང་དང་ཐཱན་ཉུང་གཏོང་གི་བྱ་སྤྱོད་འཆར་གཞི(2026ལོ་ནས་2028ལོ་བར)》ཁྱབ་བསྒྲགས་བྱས་པ།
འགྱུར་བྱུང་ནུས་རྒྱུའི་ལས་རིགས་ཀྱི་ནུས་རྒྱུ་གྲོན་ཆུང་དང་ཐཱན་ཉུང་དུ་གཏོང་བ་དང་། རྫས་འགྱུར་དང་རྡོ་སོལ་མིན་པའི་ནུས་རྒྱུའི་ཚབ་བྱེད་འགྱུར་བྱུང་ནུས་རྒྱུའི་གཞི་ཁྱོན་ཆེ་རུ་གཏོང་བ། རྡོ་སོལ་དང་རྡོ་སྣུམ་གྱི་འཛད་སྤྱོད་བྱེད་ཤུགས་ཆེ་རུ་འགྲོ་བར་སྐུལ་འདེད་གཏོང་བ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཕྱོཌ་ཡོངས་ནས་ལྗང་མདོག་ཕྱོགས་སྒྱུར་ཡོང་བར་འདེགས་སྐྱོར་བཅས་བྱ་ཆེད། ཉིན་ཤས་གོང་། རྒྱལ་ཁབ་ནུས་རྒྱུ་ཅུས་ཀྱིས《ནུས་རྒྱུའི་ཁྱབ་ཁོངས་ཀྱི་ནུས་རྒྱུ་གྲོན་ཆུང་དང་ཐཱན་ཉུང་གཏོང་གི་བྱ་སྤྱོད་འཆར་གཞི(2026ལོ་ནས་2028ལོ་བར)》ཁྱབ་བསྒྲགས་བྱས་ཤིང་། དེའི་ནང་། 2028ལོར་སླེབས་སྐབས། རྫས་འགྱུར་དང་རྡོ་སོལ་མིན་པའི་ནུས་རྒྱུ་འཛད་སྤྱོད་ཀྱི་བསྡུར་ཚད་ལོ་རེར་ཆ་སྙོམས་བརྒྱ་ཆའི་གྲངས་1ཙམ་མཐོ་རུ་འགྲོ་ཐུབ་པ་བྱེད་རྒྱུ་དང་། རྡོ་སོལ་གློག་འདོན་འཕྲུལ་ཚན་གྱི་གློག་འདོན་རྡོ་སོལ་ཟད་གྲོན་ལ་ཚོད་འཛིན་ལུགས་མཐུན་བྱས་ནས་ད་ལྟ་ལག་ལེན་བསྟར་བཞིན་པའི་ནུས་ཕྱོད་ཚད་གཞིའི་རྡོ་སོལ་གློག་འདོན་གྱི་ཐོན་ནུས་བསྡུར་ཚད་དེ་བརྒྱ་ཆའི་གྲངས་15མཐོ་རུ་གཏོང་ཐུབ་པའི་བརྩོན་ལེན་བྱེད་རྒྱུ། ཐཱན་མེད་དང་ཐཱན་ཉུང་གི་རྡོ་སོལ་གཏེར་ཁུལ་དང་སྣུམ་ཁུལ་ཁག་གཅིག་སྐྲུན་རྒྱུ། ཐཱན་མེད་གླིང་ཁུལ་ཁག་གཅིག་སྐྲུན་པར་རྒྱབ་སྐྱོར་བྱས་ནས་གཙོ་གནད་ལས་རིགས་ཀྱི་ནུས་རྒྱུ་གྲོན་ཆུང་དང་ཐཱན་ཉུང་དུ་གཏོང་བར་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ། ལྗང་མདོག་ནུས་རྒྱུ་སྤྱོད་པའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་བཅས་བྱེད་རྒྱུ་ཡིན་པ་བཏོན་ཡོད།
བྱ་སྤྱོད་འཆར་གཞིའི་ནང་། གློག་གཏོང་སྐུད་ལམ་གྱིས་ནུས་རྒྱུ་གཙང་མའི་ཐེག་ནུས་དང་སྐྱེལ་འདྲེན་གྱི་བསྡུར་ཚད་མཐོ་རུ་བརྟན་པོ་གཏོང་བ་དང་100%ཡི་ནུས་རྒྱུ་གསར་པའི་གློག་ཕྱིར་གཏོང་གི་ལས་གྲྭ་རིགས་པས་ཁུངས་སྐྱེལ་གྱིས་ཚོད་ལྟ་བྱེད་དགོས་པ་བཏོན་ཡོད། བྱ་སྤྱོད་འཆར་གཞིའི་ནང་། ཉིང་གློག་དེ་ལྗང་མདོག་གློག་ཤུགས་ལག་ཁྱེར་མ་ལག་ནང་འཇུག་པར་སྐུལ་འདེད་གཏོང་རྒྱུ་ཡིན་པ་ཁ་གསལ་བཏོན་ཡོད། ལྗང་མདོག་གློག་ཤུགས་ལག་ཁྱེར་དང་ལྗང་མདོག་གློག་འཛད་སྤྱོད་ཀྱི་ཚད་གཞིའི་མ་ལག་འཛུགས་པ་དང་། ལྗང་མདོག་གློག་ཤུགས་ལག་ཁྱེར་གྱི་ཞིབ་རྩིས་དང་། བདེན་དཔང་ར་སྤྲོད། མཚོན་རྟགས་སོགས་ཀྱི་ཚད་གཞི་གཏན་འབེབས་བྱས་ཏེ། ལྗང་མདོག་གློག་ཤུགས་ལག་ཁྱེར་གྱི་ཚད་གཞི་རྒྱལ་སྤྱི་དང་འབྲེལ་མཐུད་ཐུབ་པར་སྐུལ་འདེད་གང་མགྱོགས་གཏོང་རྒྱུ་དང་། ལྗང་མདོག་གློག་ཤུགས་ལག་ཁྱེར་དེ་ཐཱན་འབུད་ཞིབ་རྩིས་མ་ལག་ནང་འཇུག་པར་སྐུལ་འདེད་གཏོང་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།