དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཤིན་ཅང་གིས་སློབ་མའི་གཟུགས་གཞི་བདེ་ཐང་གི་འཆར་གཞི་ལག་བསྟར་གྱི་ཇུས་གཞི་བཏོན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-07-13

    ཉིན་ཤས་གོང་། ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་སློབ་གསོ་ཐིང་སོགས་སྡེ་ཚན་གྱིས་མཉམ་དུ་སློབ་མའི་གཟུགས་གཞི་བདེ་ཐང་གི་འཆར་གཞི་ལག་བསྟར་གྱི་ཇུས་གཞི་བཀྲམ་ནས་སློབ་གྲྭས་ལུས་རྩལ་སློབ་ཁྲིད་ཀྱི་བླང་བྱ་དོན་འཁྱོལ་ནན་པོ་བྱས་ཏེ། སློབ་གྲྭའི་ལུས་རྩལ་འགྲན་བསྡུར་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་ཆབས་ཅིག སློབ་མའི་གཟུགས་གཞི་བདེ་ཐང་གི་ཆུ་ཚད་བརྟན་པོའི་ངང་ལེགས་སུ་གཏོང་དགོས་པའི་བླང་བྱ་བཏོན་པ་རེད།

    ཇུས་གཞིའི་ནང་སློབ་གྲྭས་ཕྱོགས་ཡོངས་ནས་ལུས་རྩལ་དང་བདེ་ཐང་སློབ་ཚན་བཀོད་སྒྲིག་འདང་ངེས་བྱེད་པ་དང་། སློབ་གྲྭ་འབྲིང་ཆུང་གིས་ཉིན་རེའི་ཕྱོགས་བསྡུས་ལུས་རྩལ་བྱེད་སྒོའི་དུས་ཚོད་ཆུ་ཚོད་2ལས་མི་ཉུང་བ་དོན་འཁྱོལ་ནན་པོ་བྱེད་པ། རླུང་འཕྲིན་ལུས་རྩལ་དང་མིག་སྲུང་སྐྱོང་ལུས་རྩལ་ཚད་ལྡན་དུ་གཏོང་བ། ཞག་སྡོད་ལམ་ལུགས་ཀྱི་སློབ་གྲྭ་འབྲིང་ཆུང་གིས་ཞོགས་པའི་ལུས་རྩལ་ལམ་ལུགས་ལག་བསྟར་བྱེད་ཆོག་པ། མཐོ་སློབ་ཀྱིས་སློབ་ཆེན་སློབ་མའི་གཟུགས་གཞི་སྔར་བས་ཐང་དུ་གཏོང་བའི་ཆེད་དོན་བྱ་སྤྱོད་དེ“སློབ་གྲྭ་རེར་ཐབས་ཇུས་རེ”དོན་འཁྱོལ་བྱེད་པ་དང་། ལུས་རྩལ་སློབ་ཚན་གྱི་སློབ་ཁྲིད་དུས་ཡུན་ཚད་གཞི་ལག་བསྟར་ནན་པོ་བྱེད་པ། ལོ་རིམ་མཐོ་བའི་སློབ་མར་ཕྱོགས་ནས་སྣ་མང་ཅན་གྱི་ལུས་རྩལ་སློབ་ཚན་བཀོད་སྒྲིག་བྱེད་པ། རྒྱུན་རྣམ་ཅན་གྱི་སྒོ་ནས་འཛིན་གྲྭ་དང་སློབ་གྲྭ་རིམ་པའི་ལུས་རྩལ་བྱེད་སྒོ་སྤེལ་ནས་སློབ་ཁང་དུ་སློབ་ཁྲིད་དང་སློབ་གསེང་དུ་སྦྱོང་བརྡར་ཐུབ་པ་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།