དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • རང་ལྗོངས་སུ་རང་སྐྱོང་ལྗོངས་རིམ་པའི་འཕྲལ་སྡོམ་རོགས་སྐྱོབ་དཔུང་ཁག་17བར་མང་དུ་ཕྱིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-07-13

    ཉེ་ཆར། རང་སྐྱོང་ལྗོངས་རིམ་པའི་ཆེད་ལས་འཕྲལ་སྡོམ་རོགས་སྐྱོབ་དཔུང་ཁག་ཁག་གཉིས་པར་དར་ཆ་སྤྲོད་པའི་མཛད་སྒོ་འཚོགས་ཏེ། བོད་རང་སྐྱོང་ལྗོངས་པའོ་ཧྲེ་ཧྭ་འཕྲལ་སྡོམ་རོགས་སྐྱོབ་རུ་ཁག་དང་། བོད་ལྗོངས་ཁྲོང་པོ་ཐུང་ཧང་ས་མཐོའི་མཁའ་འགྲུལ་འཕྲལ་སྒྲུབ་འཕྲལ་སྡོམ་རོགས་སྐྱོབ་རུ་ཁག ལྷ་ས་མེ་ལྕེ་སྔོན་པོ་འབར་རླངས་འཕྲལ་སྡོམ་རོགས་སྐྱོབ་རུ་ཁག་སོགས་འཕྲལ་སྡོམ་རོགས་སྐྱོབ་དཔུང་ཁག་10ལ་དར་ཆ་སྤྲད་པ་ལས། རང་ལྗོངས་སུ་རང་སྐྱོང་ལྗོངས་རིམ་པའི་འཕྲལ་སྡོམ་རོགས་སྐྱོབ་དཔུང་ཁག་17བར་མང་དུ་ཕྱིན་ཏེ། འཕྲལ་སྡོམ་རོགས་སྐྱོབ་མ་ལག་སྔར་བས་འཐུས་སྒོ་ཚང་དུ་སོང་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་རང་སྐྱོང་ལྗོངས་རིམ་པའི་འཕྲལ་སྡོམ་རོགས་སྐྱོབ་དཔུང་ཁག་མང་དུ་སོང་བ་ལས། ལྗོངས་ཡོངས་ཀྱི་རོགས་སྐྱོབ་སྟོབས་ཤུགས་ཆེ་རུ་ཕྱིན་པ་མ་ཟད། ཉེན་ཁའི་རྫས་འགྱུར་དངོས་རྫས་དང་། གློག་ཤུགས། འཕྲིན་གཏོང་། སྨན་བཅོས། དམའ་དབྱིངས་སོགས་ཆེད་ལས་ཁྱབ་ཁོངས་སུ་རོགས་སྐྱོབ་དཔུང་ཁག་མེད་པའི་སྟོང་ཆའང་བསྐངས་ཡོད་པ་རེད། རོགས་སྐྱོབ་སྟོབས་ཤུགས་ཁག་གིས་ཆེད་ལས་འཕྲལ་སྡོམ་རོགས་སྐྱོབ་རུ་ཁག་གི་འགན་ནུས་གང་ལེགས་བཏོན་ཏེ། འཕྲལ་སྡོམ་རོགས་སྐྱོབ་ཀྱི་སྔོན་ཇུས་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་བ་དང་། འཕྲལ་སྡོམ་ནང་སྦྱོང་ཡག་པོ་བྱེད་པ། འཕྲལ་སྡོམ་རོགས་སྐྱོབ་ཀྱི་སྦྱོང་བརྡར་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། ཐོལ་བྱུང་དོན་རྐྱེན་ལ་འཕྲལ་སྡོམ་ཐག་གཅོད་བྱེད་པའི་འཇོན་ཐང་མུ་མཐུད་ཆེ་རུ་གཏོང་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།