སྐབས་བཅུ་གསུམ་པའི“གསར་འགོད་པ་ཡག་པོས་གཏམ་རྒྱུད་ཡག་པོ་ཤོད་པའི”བོད་རང་སྐྱོང་ལྗོངས་ཀྱི་ཐོག་མའི་འགྲན་བསྡུར་ལྷ་སར་གཉེར་བ།
ཚེས་10ཉིན་ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་དྲིལ་བསྒྲགས་པུའུ་དང་བོད་རང་སྐྱོང་ལྗོངས་གསར་འགྱུར་ལས་དོན་པའི་མཐུན་ཚོགས་ཀྱིས་གཙོ་གཉེར་བྱས་པ་དང་། བོད་ལྗོངས་སྨྱན་སྦྱོར་ཚོགས་པས(བོད་ལྗོངས་འདོད་ཚུལ་ཚན་རྩལ་ཚད་ཡོད་འགན་འཁྲི་ཀུང་སི)གཉེར་འགན་འཁུར་བའི“གསར་འགོད་པ་ཡག་པོས་གཏམ་རྒྱུད་ཡག་པོ་ཤོད་པའི”བྱེད་སྒོའི་བོད་རང་སྐྱོང་ལྗོངས་ཀྱི་ཐོག་མའི་འགྲན་བསྡུར་ལྷ་སར་གཉེར་ཞིང་། བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དང་། བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས། ལྷ་ས་གྲོང་ཁྱེར་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སོགས་ཚན་པའི་ཕུལ་བྱུང་བདམས་ཐོན་པ་18འགྲན་བསྡུར་ནང་ཞུགས་ཏེ་ཏང་གི་སྨྱན་སྦྱོར་ལས་དོན་པའི་ཐོག་མའི་བསམ་འདུན་གྱི་གཏམ་རྒྱུད་གླེང་བ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། དྲ་ཕྱིའི་ཐོག་མའི་འགྲན་བསྡུར་གྱི་ཨང་དང་པོ་ནས་བཞི་པ་བར་གྱི་བདམས་ཐོན་པ་དང་དྲ་རྒྱ་ནས་གདམ་གསེས་བྱས་པའི་བདམས་ཐོན་པ་དག་རྒྱལ་ཡོངས་ཀྱི་གདམ་གསེས་གནས་སྤར་འགྲན་བསྡུར་ནང་ཚུད་པ་རེད།
འབྲེལ་ཡོད་གསར་འགྱུར།