2026ལོའི་ཆིང་ཏའོ་སྨན་བཅོས་བོད་སྐྱོར་གྱི་ས་མཐོའི་ནད་གཞི་སྐྱོབ་བཅོས་རྣམ་གྲངས་ལག་ལེན་བསྟར་འགོ་ཚུགས་པ།
ཉེ་ཆར། 2026ལོའི“རི་ཆུ་མཉམ་དུ་འབྲེལ། གཅེས་སེམས་མཉམ་དུ་འཆང”ཞེས་པའི་ཆིང་ཏའོ་སྨན་བཅོས་བོད་སྐྱོར་གྱི་ས་མཐོའི་ནད་གཞི་སྐྱོབ་བཅོས་རྣམ་གྲངས་དངོས་སུ་ལག་ལེན་བསྟར་འགོ་ཚུགས་པ་དང་། ནད་པ་ཁག་དང་པོ་29ལ་རུས་ཚིགས་ནད་ཀྱི་གཤགས་བཅོས་བདེ་བླག་བྱུང་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་སྐྱོབ་བཅོས་རྣམ་གྲངས་ལག་ལེན་བསྟར་རིང་ཆིང་ཏའོ་གྲོང་ཁྱེར་གྲོང་བཙུགས་སྨན་ཁང་གིས་སྨན་དོན་པ་21ལས་གྲུབ་པའི་རུས་ཚིགས་ནད་སྨན་བཅོས་ཚོགས་པ་བཙུགས་ཏེ་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ལྟེ་བའི་སྨན་ཁང་དུ་ས་གནས་དེ་གའི་ནད་པར་གཤགས་བཅོས་བྱས་པ་རེད།
“རི་ཆུ་མཉམ་དུ་འབྲེལ། གཅེས་སེམས་མཉམ་དུ་འཆང”ཞེས་པའི་ས་མཐོའི་ནད་གཞི་སྐྱོབ་བཅོས་རྣམ་གྲངས་ལག་ལེན་བསྟར་བ་ནས་བཟུང་། སྤྱི་ཕན་གྱི་རོགས་སྐྱོབ་བྱ་སྤྱོད་ཁག་བདུན་བདེ་བླག་ངང་ལེགས་གྲུབ་བྱུང་བར་རིམ་རྩིས་བརྒྱབ་ན་ས་མཐོའི་རུས་ཚིགས་ནད་པ་189ལ་རིན་མེད་སྨན་བཅོས་བྱས་པ་དང་། དེའི་ནང་། 2023ལོ་ནས་སྐྱོབ་བཅོས་རྣམ་གྲངས་དེས་པུས་ཚིགས་ནད་ཚབས་ཆེན་ཕོག་པའི་ནད་པ་141ལ་གཤགས་བཅོས་ལེགས་གྲུབ་བྱུང་ནས་གཞིས་རྩེ་གྲོང་ཁྱེར་གྱི་གཤགས་བཅོས་དེ་རིགས་ཀྱི་ཟིན་ཐོ་ཐེངས་མང་བཏོད་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།