དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྒྱལ་སྲིད་སྤྱི་ཁྱབ་ཁང་ཐའེ་དབན་ལས་དོན་གཞུང་དོན་ཁང་གིས་བརྗོད་དོན།

    རིམ་རྩིས་བརྒྱབ་ན་ཧྥུའུ་ཅན་གྱིས་ཅིན་མོན་ལ་ཆུ་ཏུན་ཁྲི་5000ལྷག་མཁོ་འདོན་བྱས་པ་དང་ཆུ་སྤུས་ལོན་ཚད་ལོ་འཁོར་མོ་100%རྒྱུན་འཁྱོངས་ཐུབ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-07-12

    ཉེ་ཆར། རྒྱལ་སྲིད་སྤྱི་ཁྱབ་ཁང་ཐའེ་དབན་ལས་དོན་གཞུང་དོན་ཁང་གིས་འཆར་ཅན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཤིང་། མགྲིན་ཚབ་པ་ཁྲེན་པིན་ཧྭ་ཡིས་དྲི་བར་ལན་སྐྱོན་སྐབས། མིག་སྔར་ཧྥུའུ་ཅན་གྱི་མཚོ་རྒྱུད་ས་ཁུལ་གྱིས་ཅིན་མོན་ལ་ཉིན་རེར་ཆ་སྙོམས་ཆུ་ཏུན་ཁྲི་2.2ཙམ་མཁོ་འདོན་བྱས་ཏེ་ཅིན་མོན་གྱི་ཡུལ་མིའི་འཐུང་ཆུའི་དགོས་མཁོ་རྒྱུན་མཐུད་འགན་ལེན་དང་ཅིན་མོན་གྱི་ས་འོག་ཆུ་གསོ་འཁྱོངས་ནུས་ལྡན་བྱས་ཏེ། ཅིན་མོན་གྱི་དམངས་འཚོ་འགན་ལེན་དང་། འཛུགས་སྐྲུན་དང་འཕེལ་རྒྱས་ཀྱི་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་ཐག་གཅོད། རྒྱབ་ཕྱོགས་ཀྱི་སེམས་ཁྲལ་བསལ་བས། ཅིན་མོན་གྱི་ཡུལ་མི་སྤུན་ཟླ་ཚོའི་དགའ་བསུ་ཆེན་པོ་ཐོབ་ཡོད་ཅེས་བརྗོད།

    ཁྲེན་པིན་ཧྭ་ཡིས་བརྗོད་དོན། ང་ཚོས་ཐོག་མཐའ་བར་གསུམ་དུ་ཅིན་མོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་དང་རྒྱབ་སྐྱོར་ཧུར་ཐག་བྱེད་ཀྱི་ཡོད་ལ། བྱེད་ཐབས་རྒྱུན་ཆད་མེད་པར་སྤྱད་དེ་ཅིན་མོན་གྱི་ཡུལ་མི་སྤུན་ཟླ་ཚོའི་ཁེ་ཕན་དང་བདེ་རྩ་ཆེ་རུ་གཏོང་གི་ཡོད། ཧྥུའུ་ཅན་གྱི་མཚོ་རྒྱུད་ས་ཁུལ་ནས་ཅིན་མོན་ལ་ཆུ་མཁོ་འདོན་བྱེད་མཁན་ལས་གྲྭས་2018ལོའི་ཟླ་8ཚེས་5ཉིན་དངོས་སུ་ཆུ་མཁོ་འདོན་བྱས་ཤིང་ད་བར་ལོ་8ཙམ་སོང་ཡོད། འདི་ལོའི་ཟླ་7ཚེས་1ཉིན་བར་ཧྥུའུ་ཅན་གྱི་མཚོ་རྒྱུད་ས་ཁུལ་གྱིས་རིམ་རྩིས་བརྒྱབ་ན་ཅིན་མོན་ལ་ཆུ་ཏུན་ཁྲི་5000ལྷག་ཙམ་མཁོ་འདོན་བྱས་པ་དེས་ཅིན་མོན་གྱི་ཆུ་ཀ་ལ་བཟོ་གྲྭས་རྒྱུན་གཏན་གྱི་ཆུ་མཁོ་འདོན་བྱེད་པའི་བསྡོམས་འབོར་གྱི་87%ཟིན་པ་དང་ཆུ་སྤུས་ལོན་ཚད་ལོ་འཁོར་མོ་100%རྒྱུན་འཁྱོངས་ཐུབ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།