རྒྱལ་སྤྱིའི་ཡུལ་སྐོར་མཚོ་གྲུ“ཕུགས་བསམ”རྟགས་ཅན་ཆིང་ཏའོ་རུ་ཐོག་མར་འབྱོར་བ།

ཉེ་ཆར། ཧྲན་ཏུང་ཆིང་ཏའོ་རུ་ཏུན་ཁྲི་10.5རིམ་པའི་རྒྱལ་སྤྱིའི་ཡུལ་སྐོར་མཚོ་གྲུ“ཕུགས་བསམ”རྟགས་ཅན་ཡུལ་སྐོར་མཚོ་གྲུའི་གྲུ་ཁར་བདེ་བླག་ངང་འབྱོར་བ་རེད། ཡུལ་སྐོར་མཚོ་གྲུ་དེ་ཆིང་ཏའོ་ཡི་གྲུ་ཁར་འབྱོར་ཐེངས་དང་པོ་ཡིན་ལ་ཉིན་དེར་ཆིང་ཏའོ་ནས་ཅི་ཀྲོའུ་དང་རེན་ཁྲོན་དེ་ནས་ཡང་བསྐྱར་ཆིང་ཏའོ་རུ་ལོག་སྟེ་ཨེ་ཤེ་ཡ་བྱང་ཤར་གྱི་འཁོར་རྒྱུག་གྲུ་ལམ་བཏོད་པ་དང་2026ལོའི་དབྱར་གསེང་རིང་ཆིང་ཏའོ་གྲུ་ཁ་ཨ་མ་ནས་ཐོན་མཁན་གྱི་ཡུལ་སྐོར་མཚོ་གྲུ་འབའ་ཞིག་དེ་ཡིན།
འབྲེལ་ཡོད་གསར་འགྱུར།