ཁམས་ར་ནས་རྨ་ཆུའི་མཛེས་ལྗོངས་ལ་ལྟ་བ།

ཁམས་ར་འཛམ་གླིང་ས་གཤིས་སྤྱི་གླིང་གི་མཛེས་ལྗོངས་ཡིན་པ།

རིགས་གཅིག་མཁས་ཅན་དང་མཁས་དབང་ཚོས་ཡུལ་ཟོག་ཐོན་རྫས་ཉོ་བཞིན་པ།

ཡུལ་སྐོར་བས་ཁམས་ར་ས་གཤིས་སྤྱི་གླིང་དུ་ལྟ་སྐོར་བྱེད་བཞིན་པ།
ཉེ་ཆར། རྨ་ཆུ་རྒྱུག་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་གླེང་སྟེགས་སྐབས་བདུན་པའི་ནང་ཞུགས་མཁན་རིགས་གཅིག་མཁས་ཅན་དང་མཁས་དབང་ཚོ་ཁམས་ར་འཛམ་གླིང་ས་གཤིས་སྤྱི་གླིང་དུ་བསྐྱོད་པ་དང་། ལྗོངས་དམར་ས་དབྱིབས་དང་དྭངས་གཙང་གི་ཆུ་བོ་གཅིག་ལ་གཅིག་རྒྱན་དུ་གྲུབ་ནས་མི་རྣམས་ཀྱི་ཡིད་དབང་ཀུན་ནས་འཕྲོག དེ་རྗེས་ཁོང་རྣམས་ཁམས་ར་གྲོང་རྡལ་དེའུ་གོང་གྲོང་ཚོར་སླེབས་ཤིང་། གྲོང་ཚོའི་ཐང་ཆེན་དུ་གྲོང་མི་ཚོས་ཁྲོམ་བཀྱག་བཙུགས་ནས་ས་གནས་དེ་གའི་ཁྱད་ལྡན་ཞིང་འབྲོག་ཐོན་རྫས་དང་རྨ་ཆུའི་མངོན་མིན་རིག་གནས་ཤུལ་བཞག་གི་རིག་གནས་བསམ་བཀོད་ཐོན་རྫས་བཤམས་ལ། རིགས་གཅིག་མཁས་ཅན་དང་མཁས་དབང་ཚོས་ཡུལ་མི་རང་གིས་བསྙལ་བའི་ཞོ་དང་དྭངས་གཙང་རྨ་ཆུའི་ནང་ནས་བཟུང་བའི་ཉ་སལ་མོན་སོགས་ཀྱི་བྲོ་བ་མྱངས་རྗེས་བསྔགས་བརྗོད་ཡང་ཡང་བྱས། ཐང་ཆེན་འཁྲིས་ཀྱི་མདའ་རའི་ནང་། རིགས་གཅིག་མཁས་ཅན་དང་མཁས་དབང་ཚོས་ཀྱང་གྲོང་མིའི་མཛུབ་ཁྲིད་འོག་ཏུ་མདའ་མོ་གཞུ་ལ་བཀུག་ནས་མངོན་མིན་རིག་གནས་ཤུལ་བཞག་ཉམས་སུ་བླངས་པ་རེད།
འབྲེལ་ཡོད་གསར་འགྱུར།