དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “ཀྲུང་གོ་གུང་ཁྲན་ཏང་ནི་དཀའ་སྡུག་གང་འདྲ་ཞིག་འཕྲད་ཀྱང་འགྱུར་མེད་རྡོ་རྗེ་བྲག་ལྟར་བརྟན”

    —— ཨ་རིའི་རླུང་འཕྲིན་ཀུང་སིའི་ཙུང་ཚའེ་གཞོན་པ་ཟུར་པ་ཙུའོ་ཏིང་ལ་བཅར་འདྲི་ཞུས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།   ལིའུ་ཀྲུང་ཧྭ།   |     སྤེལ་དུས།  2026-07-11

    ཨ་རིའི་རླུང་འཕྲིན་ཀུང་སིའི་ཙུང་ཚའེ་གཞོན་པ་ཟུར་པ་ཧ་ཝུའེ·ཙུའོ་ཏིང་གིས་འདི་ག་ཚགས་པར་གྱི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས“ང་ཉེ་དུས་པེ་ཅིང་དུ་འགྲོ་སྐབས་འདིར་ནམ་མཁའ་སྔོ་ཞིང་དྭངས་བ་ཞིག་འདུག པེ་ཅིང་གི་སྤྱི་སྤྱོད་རླངས་འཁོར་ནུས་རྒྱུ་གསར་པ་ཅན་དུ་འགྱུར་ཚད་80%ལས་བརྒལ་བ་དང་གྲོང་ཁུལ་དུ་ཆེད་མངགས་རྐང་འཁོར་སྐྱོད་སའི་ལམ་སོགས་དལ་སྐྱོད་འགྲིམ་འགྲུལ་མ་ལག་བཟོས་འདུག”ཅེས་ཀྲུང་གོས་ལྗང་མདོག་ཕྱིར་སྐྱོད་ལ་སྐུལ་འདེད་བཏང་བའི་ཕན་འབྲས་ལ་སྙིང་དབུས་ནས་བསྔགས་བརྗོད་བྱས། འདས་ཟིན་པའི་ལོ་བཅུ་གྲངས་ནང་ཁོང་ཨ་རི་དང་ཀྲུང་གོའི་ཕྱོགས་གཉིས་དབར་འགྲོ་འོང་ཡང་ཡང་བྱས་པ་དང་ད་དུང་དུས་ཡུན་ངེས་ཅན་ཞིག་ཀྲུང་གོར་འཚོ་བ་བསྐྱལ་ནས་བསྡད་པས་ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོ་མི་དམངས་ཀྱི་སྣེ་ཁྲིད་དེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལོ་རྒྱུས་ལམ་བུ་མིག་མཐོང་ལག་ཟིན་བྱུང་ཡོད།

    ཙུའོ་ཏིང་གིས་ངོས་འཛིན་བྱས་དོན། ཀྲུང་གོར་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་བ་དེ་ཐོག་ནས་རྒྱལ་ཁབ་བཅོས་སྐྱོང་བྱེད་ནུས་ཆེ་རུ་ཕྱིན་པ་མཚོན་པ་དང་། དེའི་རྩ་བའི་རྒྱུ་རྐྱེན་ནི་ཀྲུང་གོ་གུང་ཁྲན་ཏང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་མཐའ་འཁྱོངས་བྱེད་པར་རག་ལས་ཡོད། ཀྲུང་གོ་གུང་ཁྲན་ཏང་གིས་རྒྱུན་མཐུད་འབད་འཐབ་བྱེད་རིང་འོད་སྟོང་འབར་བའི་གྲུབ་འབྲས་ཟམ་མི་ཆད་པར་བཏོད་པར་སྲིད་ཏང་དང་ཆབ་སྲིད་སྟོབས་ཤུགས་གཞན་གྱིས་བསྡུར་ཐབས་བྲལ་བའི་ཕུལ་བྱུང་གི་ཁྱད་ཡོན་ལྡན་ཡོད། དུས་རབས་གསར་པར་ཀྲུང་གོས་ཡུན་རིང་ཐག་གཅོད་བྱེད་འདོད་ཀྱང་ཐག་གཅོད་མ་ཐུབ་པའི་དཀའ་གནད་མང་པོ་ཐག་གཅོད་ཐུབ་པ་དང་དེ་སྔ་སྒྲུབ་འདོད་ཀྱང་བསྒྲུབ་མ་ཐུབ་པའི་དོན་ཆེན་མང་པོ་བསྒྲུབས་ཡོད། དེ་ནི་ཀྲུང་གོ་གུང་ཁྲན་ཏང་གིས་ལོ་རྒྱུས་ཀྱི་འགན་འཁྲི་འཁུར་ཕོད་པ་དང་འཐབ་ཇུས་ཀྱི་རང་འགུལ་ཐོག་མཐའ་བར་གསུམ་དུ་སྟངས་འཛིན་བྱས་པས་རེད། ཀྲུང་གོ་གུང་ཁྲན་ཏང་གིས་ལོ་རྒྱུས་དང་མི་དམངས་ཀྱིས་དཀྲིས་པའི་འགན་འཁྲི་ལྕི་པོ་ཕྲག་ཐོག་ཏུ་འཁུར་ནས་ཡུན་རིང་གི་དམིགས་ཚད་དང་དུས་མཚམས་ཀྱི་དམིགས་ཚད་གཅིག་གྱུར་མཐའ་འཁྱོངས་དང་འཐབ་ཇུས་ཀྱི་རྒྱུན་མཐུད་རང་བཞིན་དང་བརྟན་པོའི་རང་བཞིན་རྒྱུན་འཁྱོངས་བྱས་པ་མ་ཟད། གོང་འོག་འབྲེལ་མཐུད་དང་ལག་བསྟར་ནུས་ལྡན་ཐུབ་པའི་རྩ་འཛུགས་ཀྱི་མ་ལག་བཙུགས་པས“གནམ་སྔོན་སྲུང་འཐབ”ལྟར་སྤྱི་ཚོགས་ཧྲིལ་པོར་ཁྱབ་པའི་བརྒྱུད་རིམ་རང་བཞིན་གྱི་བརྗིད་ཆེའི་ལས་གྲྭར་ནུས་ཆེའི་ངང་སྐུལ་འདེད་དང་དོན་ཐོག་ཏུ་འཁྱོལ་ཡོད།

    ཙུའོ་ཏིང་དེ་སྔ་ཧུའུ་ནན་ཞིང་ཆེན་ཤང་ཤིས་ཐུའུ་ཅ་རིགས་མེའོ་རིགས་རང་སྐྱོང་ཀྲོའུ་ཧྭ་ཡོན་རྫོང་ཧྲེ་པ་ཏུང་གྲོང་ཚོར་བསྐྱོད་དེ“གནད་སྨིན་དབུལ་སྐྱོར”གྱི་འདུ་ཤེས་ལས་བྱུང་བའི་གཡུར་ཟའི་གྲུབ་འབྲས་མིག་མཐོང་ལག་ཟིན་བྱུང་ཡོད། “དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་བླངས་པ་ནི་ཀྲུང་གོ་གུང་ཁྲན་ཏང་གིས་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་བཅངས་པའི་མཚོན་ཚུལ་གསོན་ཉམས་ལྡན་པ་ཞིག་རེད” ཀྲུང་གོ་གུང་ཁྲན་ཏང་གིས་རྒྱལ་སྲིད་ནི་མི་དམངས་དང་མི་དམངས་ནི་རྒྱལ་སྲིད་ཡིན་པ་བློ་ལ་བརྟན་པོར་ངེས་ནས་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་བརྒྱུད་མང་ཚོགས་ཀྱི་ཁེ་ཕན་དང་འབྲེལ་བ་ཡོད་པའི་ཐབས་ཇུས་འགོད་པར་རྒྱ་ཁྱབ་དང་རྒྱུན་མཐུད་ངང་གྲོས་མོལ་བྱས་ཏེ“བློ་བརྟན་འགྱུར་མེད་ངང་མི་དམངས་དང་མཉམ་དུ་ལངས་པ་དང་། མི་དམངས་དང་མཉམ་དུ་བསམ་བློ་གཏོང་བ། མི་དམངས་དང་མཉམ་དུ་ལས་དོན་སྒྲུབ་པ་བཅས་བྱས་ཡོད། རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་འཐབ་ས་དང་པོར་བསྐྱོད་དེ་མང་ཚོགས་ཁྲོད་རྩ་བ་ཚུགས་པ་ལས་ཀྲུང་གོ་གུང་ཁྲན་ཏང་འདི་ཉིད་དཀའ་སྡུག་གང་འདྲ་ཞིག་འཕྲད་ཀྱང་འགྱུར་མེད་རྡོ་རྗེ་བྲག་ལྟར་བརྟན་པར་གྱུར་ཡོད”ཅེས་ཙུའོ་ཏིང་གིས་བརྗོད།

    “ཀྲུང་གོར་ཡོང་ཚེ་ཁྱེད་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གིས་བསྒྲུབས་པ་མཐའ་དག་ནི་མི་དམངས་ལ་བདེ་སྐྱིད་སྐྲུན་པ་དང་། མི་རིགས་ཆེད་བསྐྱར་དར་དོན་གཉེར། འཛམ་གླིང་སྤྱི་སྙོམས་ཆེན་པོ་དོན་གཉེར་བཅས་ཡིན་པ་དངོས་འབྲེལ་ཚོར་ཐུབ” ཙུའོ་ཏིང་གིས་ཕྱི་རྒྱལ་གྱི་སྤྱི་དམངས་དེ་བས་མང་བས་ཀྲུང་གོར་བསྐྱོད་དེ་མང་ཙམ་ལྟ་རྒྱུའི་སྐུལ་ལྕག་བྱེད་ཀྱི་ཡོད། ཁོང་གིས་ཕྱོགས་ཁག་གིས་སྒོ་དབྱེའི་རྣམ་འགྱུར་འཛིན་ནས་ལག་གདང་སྦྲེལ་ཏེ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པའི་འདུན་པ་ཆེན་པོ་བསྒྲུབས་ཚེ་འཛམ་གླིང་རྒྱལ་ཁབ་ཁག་གི་མཐུན་སྒྲིལ་མཉམ་ལས་ཁྲོད་མཛེས་ཀུན་གཅིག་ཏུ་འདུ་བའི་དོན་དངོས་གསོན་ཉམས་དོད་པོ་ཞིག་ཏུ་རིམ་བཞིན་འགྱུར་ངེས་ཡིན་པའི་ཡིད་ཆེས་བརྟན་པོ་བྱེད་ཀྱི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།