དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཁྲི་ཅ་རུའེ།   |     སྤེལ་དུས།  2026-07-11

    འབྲུབ་འགོག་གེགས་སེལ་ལས་དོན་ཐད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་གནང་ནས“ཉེན་སེལ་གུད་སྐྱོབ་དང་། རྨས་མ་སྐྱོབ་བཅོས། མང་ཚོགས་བཀོད་སྒྲིག་སོགས་ཀྱི་ལས་དོན་ནུས་ཤུགས་ཡོད་རྒུས་སྒྲིག་འཛུགས་བྱེད་དགོས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་བྱེད་དགོས”ཞེས་ནན་བཤད་གནང་ཡོད།

    ཉེ་ཆར་ཀོང་ཤིས་དང་། ཧུའུ་པེ། ཀན་སུའུ་སོགས་སུ་ཆར་པ་བབས་པ་དང་ལྷགས་པ་ཆེན་པོ་བརྒྱབ་ནས་ཆུ་མཛོད་ཀྱི་རགས་ཤོར་བ་དང་རི་ཉིལ་བ་སོགས་ཀྱི་གནོད་འཚེ་བསྟུད་མར་ཐོན་ནས་མི་སྣ་ཤི་རྨས་དང་དཔལ་འབྱོར་གྱི་གྱོང་གུན་ཚབས་ཆེན་བཟོས་ཡོད།

    བཀའ་འབྱོར་འཕྲལ་ནུས་ཤུགས་ཡོད་རྒུས་བྱ་སྤྱོད་སྤེལ་ཞིང་། འབྲེལ་ཡོད་ས་ཁུལ་དང་སྡེ་ཚན་ཁག་གིས་མི་དམངས་དང་ཚེ་སྲོག་གོང་དུ་བཀུར་བ་མཐའ་འཁྱོངས་དང་གེགས་འགོག་གེགས་སེལ་གྱི་འགན་འཁྲི་ནན་དུ་གཏོང་བར་དམིགས་ཏེ་ནུས་ཤུགས་ཡོད་རྒུས་ཉེན་སེལ་གུད་སྐྱོབ་དང་། རྨས་མ་སྐྱོབ་བཅོས་ཧུར་ཐག གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་འོས་འཚམ་བཅས་བྱས་ནས་གེགས་འགོག་གེགས་སེལ་གྱི་ལས་དོན་ཁག་ཏན་ཏིག་བསྒྲུབས་ཡོད། གནོད་འཚེ་ཕོག་པའི་ས་ཁུལ་གྱི་གཞི་རིམ་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པས་མངའ་ཁོངས་སྲུང་བའི་འགན་འཁྲི་གཙང་སྒྲུབ་དང་རང་འགུལ་ངང་འགན་འཁྲི་འཁུར་ནས་གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་གི་ནུས་པ་དང་རྒྱ་ཆེའི་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་གང་ལེགས་བཏོན་ཏེ། སྔོན་ལ་བཀོད་འདོམས་བྱེད་པ་དང་འཐབ་ས་དང་པོར་བསྐྱོད་ནས་གནོད་འཚེ་ཚབས་ཆེ་ཤོས་དང་མང་ཚོགས་ཀྱི་དགོས་མཁོ་ཆེ་ཤོས་ཀྱི་སར་རང་འགན་གཙང་སྒྲུབ་བྱས་ཤིང་། ཏང་ཡོན་ལས་བྱེད་པས་སྔོན་ལ་གདོང་མཆོང་བྱེད་པ་དང་ཕྱོགས་ཁག་གི་སྟོབས་ཤུགས་ཀྱིས་རོགས་སྐྱོར་ཧུར་ཐག་བྱས་ཏེ་གེགས་འགོག་གེགས་སེལ་གྱི་ལས་དོན་ཐུན་མོང་ཐོག་ཡག་པོ་བསྒྲུབས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།